དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • དིང་རི་རྫོང་གི་མི་2ཀྱིས་ཁྲིམས་འགལ་ངང་མེ་མདའ་ཉོ་ཚོང་བྱས་པས་ཁྲིམས་ཆད་ཕོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-03

    ཉེ་ཆར། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཁྲིམས་འགལ་ངང་མེ་མདའ་ཉོ་ཚོང་བྱས་པའི་གྱོད་གཞི་ཞིག་ལ་འདྲི་ཞིབ་བྱས་པ་དང་། ཞུ་སྦྱོར་ཕྱི་མ་འཕྲིན་ཆེ་གེ་མོ་དང་བཀྲ་ཆེ་གེ་མོས་ཁྲིམས་འགལ་ངང་མེ་མདའ་ཉོ་ཚོང་བྱས་པའི་ཉེས་པ་བསགས་པས། དུས་བཀག་བཙོན་འཇུག་ལོ་གསུམ་དང་ཁྲིམས་ཆད་ཕྱིར་འགྱངས་ལོ་4བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

    2022ལོར་ཞུ་སྦྱོར་ཕྱི་མ་འཕྲིན་ཆེ་གེ་མོས་བོད་མདའ་ཞིག་ཞུ་སྦྱོར་ཕྱི་མ་བཀྲ་ཆེ་གེ་མོར་བཙོངས་ཡོད། ཞུ་སྦྱོར་ཕྱི་མ་བཀྲ་ཆེ་གེ་མོས་བོད་མདའ་དེ་ཉོས་རྗེས་ཡུན་རིང་པོར་རང་ཁྱིམ་དུ་ཉར་ཡོད། གསལ་འབྱེད་བྱས་པ་བརྒྱུད་ཞུ་སྦྱོར་ཕྱི་མ་གཉིས་པོས་ཉོ་ཚོང་བྱས་པའི་མེ་མདའ་དེ་མེ་རྫས་ཀྱིས་འཕེན་པར་བྱེད་པའི་མེ་མདའི་ཁོངས་སུ་གཏོགས་ཀྱི་ཡོད།

    ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་གཉིས་པོས་རྒྱལ་ཁབ་ཀྱི་མེ་མདའི་དོ་དམ་གཏན་འབེབས་དང་འགལ་བ་དང་བོད་མདའ་ཉོ་ཚོང་བྱས་པའི་བྱེད་སྤྱོད་དེ་ཁྲིམས་འགལ་ངང་མེ་མདའ་ཉོ་ཚོང་བྱས་པའི་ཉེས་པ་གྲུབ་ཡོད། ཞུ་སྦྱོར་ཕྱི་མ་གཉིས་པོས་ཉེས་པ་བསགས་རྗེས་རང་འགུལ་ངང་ནག་ཉེས་ངོས་ལེན་ཞུས་པས། རང་ཉེས་ངོས་ལེན་གྱི་ཁོངས་སུ་གཏོགས་སྟབས་ཁྲིམས་ལྟར་ཆད་པ་ཡང་གཅོད་བྱེད་ཆོག ཁོ་པ་གཉིས་ཀྱིས་རང་མོས་ངང་ཆད་པ་དང་ནག་ཉེས་ཁས་བླངས་པས་ཁྲིམས་ལྟར་ཆད་པ་ཡང་གཅོད་ཀྱང་བྱེད་ཆོག གྱོད་གཞིའི་དོན་དངོས་དང་། ངོ་བོ། གནས་ཚུལ་བཅས་ལ་གཞིགས་ནས་ཁྲིམས་ཁང་གིས་གོང་གསལ་གྱི་དཔྱད་ཁྲ་བཀྲམ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།