དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཁྲེང་ཀོན་ཆུས་སྡེ་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་ཐོག་མ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-27

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྡེ་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་ཐོག་མ་སྟེ། རྗེ་འབུམ་སྒང་ཁྲོམ་གཞུང་རྨེ་རུ་སྡེ་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་དང་འབྲེལ་སྤྱོད་འགོ་ཡང་ཚུགས་པ་དེ་ཐོག་ནས། ཁྲེང་ཀོན་ཆུས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་སྤོས་པ་མཚོན་ཡོད། སྒོ་བྱང་འགེལ་བའི་ཉིན་དེར་རྗེ་འབུམ་སྒང་ཁྲོམ་གཞུང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འབྲེལ་གཏུག་ས་ཚིགས་སུ་བསྐྱོད་དེ། སྡེ་ཁུལ་གྱི་གྲོང་མི་དང་ངོ་ཐུག་གདོང་འཕྲད་ཀྱིས་ཁོང་ཚོའི་བསམ་འདུན་དང་རེ་འདུན་ནན་ཏན་ངང་ཉན་ནས་ལན་འདེབས་པ་མ་ཟད། མང་ཚོགས་ཀྱིས་བཏོན་པའི་རྩ་ཆེའི་གྲོས་འགོ་རེ་རེ་བཞིན་ཟིན་ཐོར་བཀོད་པ་རེད། འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྡེ་ཁུལ་གྱི་གྲོང་མི་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།