དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆབ་མདོ་གྲོང་ཁྱེར་སྲིད་ཁྲིམས་ཁོངས་གཏོགས་ཀྱིས།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-27

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད། ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཀྲང་ཝུན་ཧྲེང་གིས་ཆེད་དོན་ཟུར་ཁྲིད་སྙན་ཞུ་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཆབ་མདོ་གྲོང་ཁྱེར་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་དངོས་སྒྲུབ་ཐད་ཕན་འབྲས་དངོས་ཐོན་པར་བྱས་ཏེ་སྒྱུར་བཅོས་ཀྱི་བསམ་བློར་བརྟེན་ནས་སྲིད་ཁྲིམས་ཀྱི་བརྟན་ལྷིང་ཁྱབ་ཁོངས་ཀྱི་ལས་དོན་ཁག་ལ་སྔར་བས་ཇུས་འགོད་དང་སྐུལ་འདེད་གཏོང་དགོས། ཁྲིམས་སྒྱུར་ནན་པོ་བྱེད་རྒྱུ་ཨང་དང་པོ་འཇོག་པ་དང་། ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལུགས་ལག་བསྟར་གཅིག་གྱུར་ཡང་དག་བྱེད་རྒྱུར་འགན་ལེན་བཅས་བྱས་ནས་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པ་དང་། ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་པ། ཁྲིམས་འཛིན་དུས་ངེས་པར་དུ་གཟབ་ནན་བྱེད་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་གཏོང་བ་བཅས་བྱེད་དགོས། དེང་རབས་ཅན་དང་ཆ་འཕྲིན་ཅན་གྱི་ལག་རྩལ་གང་ལེགས་སྤྱོད་དགོས། གྲངས་གཞི་ཆེ་མོ་དང་མི་ཐབས་རིག་ནུས་སོགས་ཚན་རྩལ་གསར་གཏོད་གྲུབ་འབྲས་ཁྲིམས་སྒྱུར་ཁྲིམས་འཛིན་ལས་དོན་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། དྲ་རྒྱའི་ལས་སྟེགས་མགྱོགས་མྱུར་སྐྲུན་པ། ཞུ་སྦྱོར་དང་། འདུམ་འགྲིག གྱོད་དོན་ཐོ་འགོད། ཁྲིམས་སའི་འདྲི་གཅོད། ཁྲིམས་གཅོད། ལག་བསྟར་སོགས་ཚང་མ་དྲ་མིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དྲ་སྦྲེལ་དུས་རབས་དང་འཚམ་པའི་གཏུག་བཤེར་བྱ་ཐབས་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།