ལྷོ་ཁ་གྲོང་ཁྱེར་གྱི“ཉེན་རྟོག་པ་ཆུང་ཆུང”གི་བྱེད་སྒོ་སྐབས་བཞི་པ་མཇུག་འགྲིལ་བ།
འདི་ནི“ཉེན་རྟོག་པ་ཆུང་ཆུང”ཚོས་ཉལ་ཆས་བསྡུ་སྟངས་སྦྱོང་བཞིན་པ།
འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། འདས་ཟིན་པའི་དབྱར་གསེང་རིང་། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་དང་། གུང་གཞོན་སྡེ་ཚོགས་གྲོང་ཁྱེར་ཨུ་ལྷན། གྲོང་ཁྱེར་སློབ་གསོ་ཅུས་བཅས་ཀྱིས་མཉམ་དུ་གཉེར་བའི་ལྷོ་ཁ་གྲོང་ཁྱེར་གྱི“སེམས་མཐུན་གཏོད·ཕུགས་འདུན་སྒྲུབ”ཅེས་པའི“ཉེན་རྟོག་པ་ཆུང་ཆུང”གི་དབྱར་སྒར་བྱེད་སྒོ་སྐབས་བཞི་པ་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་ནང་གྲོང་ཁྱེར་ཡོངས་ཀྱི་ལོ་9ནས་14བར་གྱི་གཞོན་ནུ་ལོ་ཆུང་ཁྱོན་60ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། “ཉེན་རྟོག་པ་ཆུང་ཆུང”ཚོས་རང་ཉིད་ལ་ཆེད་མངགས་བཟོས་པའི“ཉེན་རྟོག་པའི་ཆས”གྱོན་ནས་བྱེད་སྒོའི་ནང་གཞན་དང་མི་འདྲ་བའི་སྤྲོ་སེམས་དང་གསོན་ཤུགས་ངོམས་ཡོད།