མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའི་ལས་ཁུངས་ཀྱིས།
“བྱིས་པའི་སེམས་པ་ཏང་ལ་ཕྱོགས། ཉེན་རྟོག་པའི་ཕྲུ་གུ་ཉེན་རྟོག་པའི་སྒར་སར་བསྐྱོད”ཅེས་པའི་དབྱར་སྒར་གྱི་བྱེད་སྒོ་སྐབས་དང་པོ་ཐུགས་གྲ་ལེགས་འགྲིག་བྱུང་བ།
ཕ་མ་དང་བུ་ཕྲུག་དབར་ཕན་ཚུན་སྤེལ་རེས་བྱེད་པའི་ལྷུ་ཚིགས་སུ་ཉེན་རྟོག་པའི་ཕྲུ་གུ་དང་ཕ་མས་རྩེད་ཆས་ལ་ཚོན་རྩི་གཏོང་བཞིན་པ།
ཉེན་རྟོག་པའི་ནང་མི་དང་ཉེན་རྟོག་པའི་ཕྲུ་གུ་ཚོས་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཟ་ཁང་དུ་ཟ་མ་ཟ་བཞིན་པ།
ཉེན་རྟོག་པའི་ཕྲུ་གུ་ཚོས་མངའ་རིས་ས་ཁུལ་གྱི་སྤྱི་བདེ་ཁྲུའུ་རུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་བཞིན་པ།
ཉེན་རྟོག་པའི་ཕྲུ་གུ་ཚོས་མངའ་རིས་ས་ཁུལ་གྱི་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
ཉེ་ཆར། མངའ་རིས་ས་ཁུལ་སྤྱི་བདེ་ལས་ཁུངས་ཀྱི“བྱིས་པའི་སེམས་པ་ཏང་ལ་ཕྱོགས། ཉེན་རྟོག་པའི་ཕྲུ་གུ་ཉེན་རྟོག་པའི་སྒར་སར་བསྐྱོད”ཅེས་པའི་དབྱར་སྒར་གྱི་བྱེད་སྒོ་སྐབས་དང་པོ་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། དུས་ཡུན་ཉིན་9ཡི་ནང་ཉེན་རྟོག་པའི་ཕྲུ་གུ་60ལྷག་ཙམ་དང་དེ་བཞིན་ཉེན་རྟོག་པའི་ནང་མི་40ལེ་དབར་སྟོང་ཕྲག་བརྒལ་ནས་མངའ་རིས་སུ་མཉམ་འཛོམས་བྱུང་ཞིང་ཉེན་རྟོག་སྒར་སའི་རིག་གནས་དང་འཚོ་བ་མྱོང་རོལ་བྱས་པ་རེད།
བྱེད་སྒོ་སྤེལ་རིང་ཉེན་རྟོག་པའི་ཕྲུ་གུ་ཚོས་མངའ་རིས་ས་ཁུལ་གྱི་རྟེན་མཛོད་ཁང་དུ་ལྟ་སྐོར་བྱས་ནས་མངའ་རིས་ཀྱི་ལོ་རྒྱུས་འཕེལ་རིམ་དང་ཁྱད་ལྡན་རིག་གནས་ཤེས་རྟོགས་བྱས་པས་རིག་གནས་ཤེས་བྱ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད་མཐོང་རྒྱ་ཡང་ཆེ་རུ་ཕྱིན་པ་དང་། རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་སྐབས་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཉེན་རྟོག་པའི་ཕྲུ་གུ་ཚོས་མེས་རྒྱལ་ལ་དགའ་ཞེན་གྱི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་པ། ཕ་མ་དང་བུ་ཕྲུག་དབར་སྤེལ་རེས་ཀྱི་བྱེད་སྒོའི་ནང་ཕྲུ་གུ་ཚོས་ཉེན་རྟོག་ལས་དོན་སྒྲུབ་བཞིན་པའི་ཕ་མ་དང་ཀ་ཏོར་རྙིང་པས“ཐན་ཁེ་འཁོར་ལོའི་དཔེ་དབྱིབས”བཟོས་ནས་སྤྱི་བདེའི་བྱ་གཞག་ལ་གུས་བཀུར་གྱི་སེམས་པ་མཚོན་པར་བྱས་པ་མ་ཟད། གཞན་ཡང་ཉེན་རྟོག་པའི་ཕྲུ་གུ་ཚོས་ད་དུང་ཁུང་ཧྥན་སེན་དྲན་གསོ་ཁང་ལ་ལྟ་སྐོར་དང་། ཉེན་རྟོག་པའི་འཚོ་བར་ཉམས་ལེན་བྱས་པ། དམག་ཁྱིའི་རུ་ཁག་ལའང་ལྟ་སྐོར་བྱས་ཡོད།