ཁ་རུབ་ཆུས་ཀྱིས་ཆུ་བོ་དང་གཙང་པོའི་བདེ་འཇགས་ཀྱི་ཆེད་དོན་ཁྲིམས་སྒྱུར་སྐོར་ཞིབ་བྱ་སྤྱོད་སྤེལ་བ།
“ཆུ་དཔོན་དང་། ཉེན་རྟོག་དཔོན། ཞིབ་དཔྱོད་དཔོན་བཅས་ཟུང་དུ་འབྲེལ་བའི”ཕུགས་ཕན་ལམ་སྲོལ་གཏིང་ཟབ་སྤེལ་བར་སྔར་བས་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་ཁྲིམས་སྒྱུར་དང་ཞིབ་དཔྱོད་ལྟ་སྐུལ་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ། ཁ་རུབ་ཆུས་ཀྱི་ཆུ་ཁོངས་བཅོས་སྒྲིག་དང་བདག་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་ནུས་ལྡན་གཏོང་ཆེད། ཉེ་ཆར་ཁ་རུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁ་རུབ་ཆུས་སྤྱི་བདེ་ཅུས་དང་། ཆུ་བེད་ཅུས། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཁ་རུབ་ཆུས་ཀྱི་ཡན་ལག་ཅུས་སོགས་སྡེ་ཚན་དང་མཉམ་དུ་ཆུ་བོ་དང་གཙང་པོའི་བདེ་འཇགས་ཀྱི་ཆེད་དོན་ཁྲིམས་སྒྱུར་སྐོར་ཞིབ་བྱ་སྤྱོད་སྤེལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྗོངས་ནང་ཁུལ་གྱི་ཆུ་བོ་དང་གཙང་པོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།
ད་ཐེངས་ཀྱི་མཉམ་འབྲེལ་སྐོར་ཞིབ་ཀྱིས་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་འགན་ནུས་དང་ཆུ་བེད་དང་སྐྱེ་ཁམས་སོགས་སྡེ་ཚན་གྱི་བདག་སྐྱོང་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ཡོད། བྱ་སྤྱོད་སྤེལ་རིང་ཁྲིམས་སྒྱུར་མི་སྣས་རུ་བཞི་ཤང་གི་ཆུ་ཁོངས་ཁག་གཅིག་ཏུ་བསྐྱོད་དེ་ཁོར་ཡུག་དང་མཚོ་ངོགས་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད། གད་སྙིགས་གང་བྱུང་དུ་སྤུངས་པ་དང་། ཁྲིམས་འགལ་ངང་བཙོག་འབུད་བྱེད་པ། ཁྲིམས་འགལ་ངང་ཆུ་ལམ་བཙན་བཟུང་བྱེད་པ་སོགས་ཀྱི་གནད་དོན་ལ་བརྟག་ཞིབ་བྱས་ནས་འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་བཀག་འགོག་བྱས་ཡོད། དེ་དང་ཆབས་ཅིག་ཁྲིམས་སྒྱུར་མི་སྣས་ད་དུང་ཁྲིམས་སྒྱུར་ལྟ་སྐུལ་ཞིབ་བཤེར་དང་ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་བཏང་ནས། ཆུ་དཔོན་དང་མཚོ་དཔོན་གྱི་ཕན་འབྲས་སྔར་བས་ཐོན་པ་དང་ཆུ་བོ་དང་གཙང་པོའི་བདག་སྐྱོང་གི་ཕན་འབྲས་སྔར་བས་ཐོན་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ཁ་རུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བས། གོམ་སྟབས་རྗེས་མར“ཆུ་དཔོན་དང་ཞིབ་དཔྱོད་དཔོན་ཟུང་འབྲེལ”གྱི་ལས་ཀའི་ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ས་ཁོངས་ཀྱི་ཆུའི་སྤུས་ཚད་བདེ་འཇགས་དང་། སྐྱེ་ཁམས་བདེ་འཇགས། འབྲུབ་དུས་བདེ་འཇགས་བཅས་ཀྱི་ཞིབ་དཔྱོད་ལྟ་སྐུལ་བཅས་དོན་འཁྱོལ་ཧུར་ཐག་བྱ་རྒྱུ་དང་། མི་མེད་གནམ་གྲུའི་འཚོལ་ཞིབ་དང་ས་གནས་ས་ཐོག་ཏུ་རྩད་ཞིབ་དང་དཔེ་ལེན་སོགས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་དེ་ཆུ་ཁོངས་ཀྱི་སྦགས་བཙོག་དང་འབྲུབ་འགོག་གི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་ཆུ་བོ་དང་གཙང་པོའི་སྐྱེ་ཁམས་བདེ་ཐང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བརྗོད།