དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རྫོང་རུ་འབྲིང་གིས།

    ཚེ་སྲོག་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་ཆུ་ཁོངས་རོགས་སྐྱོབ་ཀྱི་ཧྲག་དམག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-27

    གྲུ་ཆུང་གཏོང་བ།

    དྲག་ཏུ་རྒྱུག་པའི་ཆུ་ནང་གི་རོགས་སྐྱོབ།

    ཆུ་ནང་དུ་རོགས་སྐྱོབ་བྱེད་སྟངས།

    གྲུ་མགོ་རྟིང་ལོག་རྗེས་རང་སྐྱོབ་བྱེད་སྟངས།

    ཉེ་དུས་བོད་ཤར་རྒྱུད་ས་ཁུལ་དུ་ཆར་པ་འབབ་མང་བས་འབྲུབ་འགོག་དུས་བབ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས་གོང་རིམ་གྱི་འབྲུབ་འགོག་གེགས་སེལ་ལས་དོན་གྱི་མཛུབ་སྟོན་དང་བླང་བྱ་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཆུ་ཁོངས་རོགས་སྐྱོབ་སྦྱོང་བརྡར་སྒྲིག་འཛུགས་བྱས་པ་དང་། དངོས་འཐབ་ནང་སྦྱོང་བྱས་ནས་རུ་ཁག་གི་ཆུ་ཁོངས་ཀྱི་གནོད་འཚེར་ཁ་གཏད་གཅོག་པའི་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་དང“ཆེད་གཅིག་ནུས་མང”གི་རོགས་སྐྱོབ་འགག་སྒྲོལ་གྱི་སྟོབས་ཤུགས་ཆེ་རུ་བཏང་བ་རེད།

    སྦྱོང་བརྡར་མ་བྱས་གོང་། རྩལ་འཁྲིད་པས་སྦྱོང་བརྡར་བྱ་ཡུལ་གྱི་སྒྲིག་ཁྲིམས་གཙོ་གནད་ཐོག་ནན་བཤད་བྱས་པ་དང་འབྲེལ། སྦྱོང་བརྡར་གྱི་ནང་དོན་ལ་དམིགས་སའི་རང་བཞིན་གྱི་འགྲེལ་བཤད་ཀྱང་བརྒྱབ་པ་རེད། དེའི་ནང་གཙོ་བོ་ཆུ་ཁོངས་ཀྱི་ཁྱད་ཆོས་དང་། ཆུ་རྒྱུན་གྱི་འགྱུར་ལྡོག རོགས་སྐྱོབ་ཐབས་རྩལ། བདེ་འཇགས་ཐད་དོ་སྣང་བྱེད་དགོས་པ་བཅས་ཀྱི་དོན་ཚན་སོགས་ཕྱོགས་མང་པོ་ཚུད་ཡོད། སྦྱོང་བརྡར་བྱེད་རིང་ཐོག་མཐའ་བར་གསུམ་དུ་དངོས་འཐབ་ཀྱི་བླང་བྱ་མཐའ་འཁྱོངས་ཀྱིས་ཆུ་ཁོངས་ཀྱི་རྙོག་འཛིང་ཆེ་བའི་ཁོར་ཡུག་དངོས་དང་ཟུང་འབྲེལ་བྱས་ཏེ་དཔེ་སྟོན་སློབ་ཁྲིད་དང་། ས་གནས་ས་ཐོག་ཏུ་འགྲེལ་བཤད། མི་རེ་རེ་བཞིན་དངོས་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་དྲག་ཏུ་རྒྱུག་པའི་ཆུ་ནང་དུ་རོགས་སྐྱོབ་བྱེད་ཐབས་དང་། གྲུ་ཆུང་གཏོང་སྟངས། གྲུ་མགོ་རྟིང་ལོག་རྗེས་རང་སྐྱོབ་སོགས་ཀྱི་ནང་དོན་གཙོ་གནད་ཐོག་སྦྱོང་བརྡར་བྱས་ཡོད། བླང་བྱ་ནན་པོ་བཏོན་པ་དང་སྦྱོང་བརྡར་གང་ལེགས་བྱས་པ་བརྒྱུད་སྦྱོང་བརྡར་ནང་ཞུགས་མཁན་གྱིས་སློབ་ཁྲིད་ནང་དོན་ཚང་མ་ཁོང་དུ་ཡང་དག་པར་ཆུད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།