དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • སྤོ་བོ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་འབྲུབ་འགོག་དངོས་འཐབ་ནང་སྦྱོང་བྱས་ནས་ཆུ་ཁོངས་རོགས་སྐྱོབ་ནུས་པ་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-27

    འདི་ནི་སྤོ་བོ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གི་རུ་མིས་ཐག་འཕེན་འཕྲུལ་ཆས་ལ་བརྟེན་ནས་ཐག་པ་འཕེན་བཞིན་པ།

    འདི་ནི་སྤོ་བོ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གི་རུ་མིས་རོགས་སྐྱོབ་ནང་སྦྱོང་བྱེད་བཞིན་པ།

    ཉེ་ཆར་སྤོ་བོ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་ཕར་ལུང་གཙང་པོའི་ནང་དུ་ཆུ་ཁོངས་རོགས་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་བྱས་པ་རེད།

    སྤོ་བོ་རྫོང་གི་མངའ་ཁོངས་སུ་ཕར་ལུང་གཙང་པོ་དང་དེའི་ཆུ་ལག་བཅུ་ཕྲག་ཁ་ཤས་ཁྱབ་ཡོད། ཆར་དུས་སུ་ཆར་པ་འབབ་མང་དུ་ཕྱིན་ནས་རི་ཉིལ་བ་དང་ཆུ་ལོག་ཞོད་སྐྱོན་སོགས་རང་བྱུང་གནོད་འཚེའི་ཉེན་ཁ་མངོན་གསལ་དོད་པོས་ཆེ་རུ་འགྲོ་སྲིད་པས། རུ་འབྲིང་དེས“ཆུ་ལོག་འགོག་པ་དང་ཉེན་ཁ་དང་གནོད་འཚེ་སེལ་བའི”དངོས་འཐབ་དགོས་མཁོར་དམིགས་ནས་ཚན་རིག་དང་མཐུན་པའི་ནང་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་ཤིང་། རོཌ་སྐྱོབ་རྒྱུན་ཤེས་དང་། ལག་རྩལ་གཙོ་གནད། བྱ་སྤྱོད་ཚད་ལྡན་བཅས་གཙོ་བོར་བཟུང་སྟེ་ཐག་འཕེན་རོགས་སྐྱོབ་དང་གྲུ་ཆུང་གཏོང་བ་སོགས་ཀྱི་དངོས་འཐབ་སྦྱོང་བརྡར་བྱས་པ་རེད། དེའི་བརྒྱུད་རིམ་ཁྲོད་སྦྱོང་བརྡར་ནང་ཞུགས་མཁན་རུ་མིས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་གཞོགས་འདེགས་ཧུར་ཐག་ཞུས་ཏེ་ཆུ་ཁོངས་རོགས་སྐྱོབ་བཀོལ་སྤྱོད་སྒྲིག་སྲོལ་གཞིར་བཟུང་སྦྱོང་བརྡར་ནན་པོ་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོར་དངོས་འཐབ་ལད་ཟློས་བྱས་ནས་རོགས་སྐྱོབ་བྱ་སྤྱོད་སྤེལ་ཏེ་བདེ་འཇགས་དང་དོན་གོ་ཆོད་པའི་སློབ་ཚན་ཁག་གི་སྦྱོང་བརྡར་ལས་འགན་ལེགས་སྒྲུབ་བྱས་ཏེ་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།