ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་གྱིས།
དྲ་མིག་བཅོས་སྐྱོང་གི་ཕན་ནུས་བཏོན་ནས་སྡེ་ཁུལ་གྱི་ཁོར་ཡུག་མཛེས་སུ་གཏོང་བར་རམ་འདེགས་བྱས་པ།
འདི་ནི་སྡེ་ཁུལ་གྱི་དང་བླངས་པས་མང་ཚོགས་ལ་བེད་མེད་ཅ་དངོས་གཙང་སེལ་བྱེད་རོགས་བྱེད་བཞིན་པ།
འདི་ནི་སྡེ་ཁུལ་གྱི་དང་བླངས་པས་དུད་ཚང་ལ་ཉལ་ཁྲི་དབོར་རོགས་བྱེད་བཞིན་པ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་ལས་དོན་རྒྱུན་རྣམ་ཅན་དང་སྲ་བརྟན་དུ་གཏོང་ཆེད། བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་གྱིས་དྲ་མིག་ཅན་གྱི་དོ་དམ་དེ“ལྟེ་བའི”བྱེད་ཐབས་སུ་བརྩིས་ནས“དྲ་མིག་ཅན”གྱི་དོ་དམ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། “འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་དང་། སྡེ་ཁུལ་གྱི་གོང་འོག་ཚང་མས་མཉམ་དུ་དམ་འཛིན། དྲ་མིག་ཅན་གྱི་ཞིབ་ཕྲའི་ནང་དོན་ལ་དམ་འཛིན་ཞིབ་ཚགས”བཅས་བྱེད་པའི་ལས་ཀའི་རྣམ་པ་བཏོད་ནས་དྲ་མིག་ཅན་གྱི་དོ་དམ་ཞབས་ཞུ་ལྟེ་བར་བྱས་པ་དང་འབྲེལ། སྒོ་རའི་ནང་ཅ་ལག་གང་བྱུང་དུ་སྤུངས་པའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། “སྐོར་ཞིབ་བྱས་ནས་སྙན་སེང་ཞུ་བ་དང་། སྤྱི་བསྡོམས་གསེད་བཀྲོལ་བྱེད་པ། ཁག་ཕྱེ་ནས་གཙང་སེལ་བྱེད་པ། ས་གནས་ས་ཐོག་ཏུ་བཅོས་སྒྲིག་བྱེད་པ། ཟུར་བཙུགས་རྩིས་ཁྲར་ཕྱོགས་སྡོམ་བྱེད་པ”བཅས་ཀྱི“གོམ་སྟབས་ལྔའི”ཞིབ་ཕྲ་ཅན་གྱི་དོ་དམ་བྱེད་ཐབས་འཚོལ་ཞིབ་བྱས་ནས་བཙུགས་པ། “དྲ་མིག་གཏན་འཁེལ་དང་། མི་སྣ་གཏན་འཁེལ། ལས་གནས་གཏན་འཁེལ། འགན་འཁྲི་གཏན་འཁེལ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ཁ་གསལ་བཟོས་པ། དྲ་མིག་ཅན་གྱི་དོ་དམ་ལ་བརྟེན་ནས་ཐོན་ཁུངས་བསྡུ་སྒྲིལ་དང་། སྟོབས་ཤུགས་སྒྲིག་འཛུགས། གནད་དོན་མཐུན་སྦྱོར་ཐག་གཅོད་བཅས་བྱས་ནས་དྲ་མིག་ཅན་གྱི་དོ་དམ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
དྲ་དཔོན་དང་དྲ་མིག་ལས་དོན་པས་གྲོང་མིའི་སྒོ་རར་བསྐྱོད་ནས“གཙང་སེལ་བྱ་སྤྱོད”ཀྱི་ཇུས་གཞི་དྲིལ་བསྒྲགས་བྱས་པ་དང་། ཁང་པའི་ཐོག་ཁ་དང་། ཁུག་ཀྱོག་དང་རྩིག་ཟུར། བར་ཤུར་བཅས་སུ་སྤུངས་པའི་ཅ་དངོས་ཀྱི་བདག་པོ་བཙལ་ནས་ངང་རྒྱུད་རིང་པོས་འགྲེལ་བཤད་དང་གནས་ལུགས་བཤད་མཐར་གནད་དོན་ཐག་གཅོད་ཐུབ་ཡོད། དེ་བཞིན་གྲོང་མི་དང་གཉིས་ལྡན་དུད་སྦྲེལ་སྐུལ་སློང་བྱས་ཏེ་སྒོ་འགྲམ་དུ་སྤུངས་པའི་ཅ་དངོས་བསྡུ་གསོག་བརྒྱབ་པ་དང་། སྤྱོད་གོ་ཡོད་པའི་ཅ་དངོས་ཁྱིམ་དུ་འཁྱེར་བ་དང་བེད་མེད་དངོས་པོ་སྡེ་ཁུལ་གྱིས་གཅིག་སྡུད་ཐོག་དབོར་འདྲེན་བྱེད་མཁན་དང་འབྲེལ་གཏུག་བྱས་ནས་གཙང་སེལ་བྱས་པ། དྲ་མིག་ལས་དོན་པས་གཙང་སེལ་ལས་དོན་ལ་རྗེས་སྙེག་བྱས་ཡོད། ཉིན་ཕྱེད་རིང་མུ་མཐུད་རྗེས་འདེད་གཙང་སེལ་བྱས་པ་བརྒྱུད། མཐར་གང་བྱུང་དུ་སྤུངས་པའི་གད་སྙིགས་ཚང་མ་གཙང་སེལ་ཐུབ་ཡོད།