བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་རྡུང་རྡེག་ཚ་ནན་བཏང་བ།
—— བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱིས་ལག་འཁྱེར་གཉེར་མེད་པའི་སོ་ནད་སྨན་བཅོས་ཁང་ཁག་གཅིག་ལ་ཁྲིམས་ལྟར་སྒོ་ཐེལ་བརྒྱབ་པ།
འདི་ནི་ཆེད་དོན་ལས་དོན་ཚོགས་ཆུང་གི་ལས་དོན་པས་སོ་ནད་སྨན་བཅོས་ཁང་ཞིག་ལ་ཞིབ་བཤེར་བྱེད་བཞིན་པ།
མི་དམངས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་འགན་སྲུང་ཏན་ཏིག་དང་སྨན་བཅོས་ཞབས་ཞུའི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིཊ་སྒང་སྡེ་ཁུལ་གྱིས་ཁྲེང་ཀོན་ཆུས་འཕྲོད་བསྟེན་ཨུ་ལྷན་དང་། སྐྱེ་ཁམས་ཁོར་ཡུག་ཅུས། ཁྲོམ་ར་ལྟ་འདོམས་ཅུས་བར་སྐོར་ཁྲོམ་ར་ལྟ་འདོམས་སུའོ་བཅས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ། རང་འགུལ་ངང་ལས་དོན་སྤེལ་བ་དང་གཞོཊ་འདེགས་དམ་ཟབ་བྱས་པ་མ་ཟད། འབྲེལ་ཡོད་ཚན་པ་མཉམ་དུ་སྨན་བཅོས་ཆོག་འཐུས་ལག་ཁྱེར་གཉེར་མེད་པའི་སོ་ནད་སྨན་བཅོས་ཁང་ལ་རྡུང་རྡེག་ཚ་ནན་བཏང་བ་རེད།
གྲོང་ཁུལ་རྙིང་པའི་ཁྲོམ་གཞུང་ཁུལ་དང་། གྲོང་གསེབ་དང་གྲོང་གསེབ་འབྲེལ་མཚམས་ཁུལ། ཞིང་ཞོར་ཐོན་རྫས་ཁྲོམ་ར། ཕྱོགས་མི་མང་ས་སོགས་ཀྱི་ས་ཆ་ནི་ཁྲིམས་འགལ་སྨན་བཅོས་ཁང་གཉེར་མང་བའི་ས་ཆ་རེད། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་མཁན་གྱི་སྨན་པ་འཁྱམ་པོ་དང་རྫུན་མར་རྡུང་རྡེག་ཚ་ནན་གཏོང་ཆེད། ཁྲོམ་གཟིགས་སྒང་སྡེ་ཁུལ་གྲོང་ལྷན་གྱིས་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་དང་། དྲ་མིག་པ། མི་དམངས་ཉེན་རྟོག་པ་བཅས་ལས་གྲུབ་པའི་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས། འབྲེལ་ཡོད་ཚན་པ་དང་སྦྲེལ་མཐུད་དམ་ཟབ་བྱས་ཏེ། སྨན་བཅོས་ཆོག་འཐུས་ལག་ཁྱེར་གཉེར་མེད་པའི་སོ་ནད་སྨན་བཅོས་ཁང་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་ཏེ། སྨན་བཅོས་ཆོག་འཐུས་ལག་ཁྱེར་གཉེར་མེད་པའི་སོ་ནད་སྨན་བཅོས་ཁང་ཁག་གཅིག་ཁྲིམས་ལྟར་སྒོ་ཐེལ་བརྒྱབ་པ་རེད།
ཁྲོམ་གཟིགས་སྒང་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་དྲ་མིག་ཅན་གྱི་དོ་དམ་ལེགས་ཆར་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་སོ་ནད་སྨན་བཅོས་ཁང་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་མ་ཟད། སོ་ནད་སྨན་བཅོས་ཁང་ལ་ཁྲིམས་མཐུན་གཉེར་སྐྱོང་གི་ཐོབ་ཐང་ཡོད་མེད་དང་། སྨན་བཅོས་ཁང་གི་ཐོ་འགོད་དཔང་ཡིག་ཡོད་མེད། ལས་གཉེར་མི་སྣར་ལས་གཉེར་ལག་ཁྱེར་ཡོད་མེད་སོགས་ལ་ཞིབ་བཤེར་བྱས་པ་རེད། ཆེད་དོན་ལས་དོན་ཚོགས་ཆུང་གིས་སྨན་བཅོས་ཆོག་འཐུས་ལག་ཁྱེར་གཉེར་མེད་པའི་སོ་ནད་སྨན་བཅོས་ཁང་གི་གནས་ཚུལ་འཕྲལ་དུ་གོང་རིམ་ལ་སྙན་སེང་ཞུས་པ་དང་འབྲེལ། ཁྲིམས་འཛིན་མི་སྣར་གཞོཊ་འདེཊ་ཧུར་ཐག་བྱས་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ཏེ། ཁྲིམས་ལྟར་སྒོ་ཐེལ་བརྒྱབ་པ་རེད། ཁྲིམས་འཛིན་མི་སྣས་སོ་ནད་སྨན་བཅོས་ཁང་རེ་རེ་བཞིན་ལ་བསྐྱོད་དེ་ལས་གཉེར་ཐོབ་ཐང་དང་། སྨན་དོན་མི་སྣའི་ལས་གཉེར་ཐོབ་ཐང་ལག་ཁྱེར། སྨན་བཅོས་སྒྲིག་ཆས། འཕྲོད་བསྟེན་ཆ་རྐྱེན་སོགས་འཛོམས་ཡོད་མེད་ལ་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་རིང་། སྨན་བཅོས་ཁང་23གིས་སྨན་བཅོས་ཆོག་འཐུས་ལག་ཁྱེར་སོཊ་གཉེར་མེད་པ་ཤེས་འཕྲལ《འཕྲོད་བསྟེན་སྲིད་འཛིན་ཁྲིམས་སྒྱུར་ཡིག་ཆ》སྤྲད་དེ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་པ་རེད།