དིང་རི་རྫོང་གིས་ཆང་བཏུངས་འཁོར་གཏོང་གི་གྱོད་གཞི་ཞིག་ལ་ཞིབ་གཅོད་བྱས་པ།
ཉེ་ཆར། དིང་རི་ཁྲིམས་ཁང་གིས་ཉེན་ཡོད་འཁོར་གཏོང་གི་ཉེས་གསོག་གྱོད་གཞི་ཞིག་ལ་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་ཏེ། ཞུ་སྦྱོར་ཕྱི་མ་ཚའེ་ཆེ་གེ་མོས་ཉེན་ཡོད་འཁོར་གཏོང་གི་ཉེས་པ་བསགས་རྐྱེན་བཙན་ཉར་ལས་སྐུལ་ཟླ་བ་གསུམ་བྱ་རྒྱུ་དང་འབྲེལ། དངུལ་ཆད་སྒོར་5000བཅད་པ་རེད། གྱོད་གཞི་དེ《ར་བཟི་འཁོར་གཏོང་གི་བསམ་འཆར》བཏོན་ཚུན། དིང་རི་ཁྲིམས་ཁང་གིས་ཉེན་ཡོད་འཁོར་གཏོང་གི་ཉེས་གསོག་གྱོད་གཞི་གཅོད་ཐེངས་ཐོག་མ་དེ་རེད།
ཟླ་6ཚེས་30ཉིན། ཞུ་སྦྱོར་ཕྱི་མ་ཚའེ་ཆེ་གེ་མོ་དང་ཁོ་པའི་གྲོགས་པོ་ཕྱི་ཉིན་གྱི་ཐོ་རེངས་བར་ཨ་རག་བཏུངས་ནས་བསྡད་ཅིང་། ཉིན་གཉིས་པའི་ཉིན་དགུང་། ཚའེ་ཆེ་གེ་མོ་རླངས་འཁོར་བཏང་ནས་རྒྱལ་ལམ་219ཡི་ལམ་ཐིག་4678KMབརྒྱུད་སྐབས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ཞིབ་བཤེར་ཐུབ་པ་རེད། དཔྱད་འདོམས་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ཚའེ་ཆེ་གེ་མོའི་ཁྲག་ནང་ཨ་རག་ཉིང་ཁུ་འདུས་ཚད་ཧའོ་ཁེ་209.15/ཧའོ་ཧྲེང་100ཡིན་པ་རེད། བརྟག་དཔྱད་གཞན་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ཚའེ་ཆེ་གེ་མོས་ཨ་རག་བཏུངས་ནས་རླངས་འཁོར་བཏང་བས་2024ལོའི་ཟླ་5པར། སྲིད་འཛིན་ཆད་པ་བཅད་པ་དང་འབྲེལ། ཁ་ལོ་བའི་ལག་ཁྱེར་ཡང་གནས་སྐབས་བསྡུ་ཉར་བྱས་པ་རེད།
“ཞུ་སྦྱོར་ཕྱི་མ་ཚའེ་ཆེ་གེ་མོས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་གྱི་ཁྲིམས་སྲོལ་ལས་འགལ་ནས་ར་བཟི་འཁོར་གཏོང་གི་བྱེད་སྤྱོད་ལས་ཉེན་ཡོད་འཁོར་གཏོང་གི་ཉེས་པ་བསགས་ཡོད”གྱོད་གཞི་དེ་སྒྲུབ་གཉེར་བྱེད་མཁན་ཁྲིམས་དཔོན་གྱིས་གསར་འགོད་པར“ཞུ་སྦྱོར་ཕྱི་མ་ཚའེ་ཆེ་གེ་མོས་ཟླ་བ་གཉིས་ནང་ཨ་རག་བཏུངས་ནས་རླངས་འཁོར་བཏང་བས། སྲིད་འཛིན་ཆད་པ་བཅད་པ་དང་འབྲེལ། ཁ་ལོ་བའི་ལག་ཁྱེར་གནས་སྐབས་བསྡུ་ཉར་བྱེད་རིང་སླར་ཡང་ར་བཟི་འཁོར་གཏོང་གི་བྱེད་སྤྱོད་ལྷག་པས་ངེས་པར་དུ་ཆད་པ་ནན་པོ་གཅོད་དགོས་པ་དང་ཆབས་ཅིག ཚའེ་ཆེ་གེ་མོའི་ཁྲག་ནང་ཨ་རག་གི་ཉིང་ཁུ་འདུས་ཚད་ཧའོ་ཧེ་180/ཧའོ་ཧྲེང་100ལྷག་ཙམ་ཟིན་པས་ཁྲིམས་ཆད་ཕྱིར་འགྱངས་བྱེད་པར་མི་འཚམ་མོད། འོན་ཀྱང་ཚའེ་ཆེ་གེ་མོས་ནག་ཉེས་ངོས་ལེན་ཞུ་བའི་རྣམ་འགྱུར་ཡག་པོ་ཡོད་པར་བརྟེན་ཆད་པ་ཡང་དུ་གཏང་བ་རེད། གྱོད་གཞི་དེའི་དོན་དངོས་དང་། ངོ་བོ། བརྒྱུད་རིམ་བཅས་གཞིར་བཟུང་ཁྲིམས་ཁང་གིས་གོང་གསལ་གྱི་ཁྲིམས་ཐག་གཅད་པ་རེད”ཅེས་བཤད།
དགོང་མོ་ཨ་རག་བཏུངས་ནས་ཕྱི་ཉིན་རིག་པ་དྭངས་སུ་སོང་རུང་ཨ་རག་གི་ཉིང་ཁུ་འདུས་ཚད་མེད་པ་བཟོ་བར་དུས་ཚོད་ངེས་ཅན་ཞིག་དགོས། ཚའེ་ཆེ་གེ་མོའི་ད་ཐེངས་ཀྱི་གནས་ཚུལ་དེ་ལས་ང་ཚོར་གལ་སྲིད་ཨ་རག་བཏུངས་ཚེ་མ་མཐར་ཡང་ཆུ་ཚོད་24ཕྱིན་ན་་གཞི་ནས་རླངས་འཁོར་གཏོང་ཆོག་པ་དང་དེ་ལས་ལྡོག་ཚེ་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཉེས་གསོག་ཁོངས་སུ་གཏོགས་པས་ཆད་པ་གཅོད་སྲིད་པ་ཤེས་དགོས།