དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་གླིང་ཆུང་སྡེ་ཁུལ་གྱིས།

    ཁྲིམས་འགལ་གྱི་སོ་ནད་སྨན་པར་རྡུང་རྡེག་བཏང་ནས་བདེ་ཐང་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-27

    འདི་ནི་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་སོ་ནད་སྨན་བཅོས་ཁང་དང་སྨན་ཁང་ལ་གློ་བུར་ཞིབ་བཤེར་བྱེད་བཞིན་པ།

    ཁོངས་གཏོགས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་སྨན་བཅོས་བདེ་འཇགས་འགན་ལེན་ཏན་ཏིག་དང་ཁ་སྦུག་སྨན་བཅོས་ཞབས་ཞུའི་ཁྲོམ་ར་གཙང་སེལ་བྱས་ནས། ཁྲིམས་འགལ་གྱི་སོ་ནད་སྨན་པ་ནད་གཞི་འགོས་ཁྱབ་ཀྱི་གཏེ་པོར་མི་འགྱུར་བར་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱིས་ལས་དོན་ཚོགས་ཆུང་གཉིས་སུ་བགོས་ཏེ་ཁོངས་གཏོགས་ཁུལ་གྱི་ཁ་སྦུག་སྨན་བཅོས་ཁང་ལ་ཕྱོགས་ཡོངས་ནས་འཕྲལ་རྒོལ་ཁྲིམས་སྒྱུར་ཞིབ་བཤེར་བྱ་སྤྱོད་གཏིང་ཟབ་སྤེལ་བ་རེད།

    ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ནང་། གཙོ་བོ་ཁོངས་གཏོགས་ཁུལ་གྱི་ཁ་སྦུག་སྨན་བཅོས་ཁང་ཁག་གི་འབྲེལ་ཡོད་འོས་ཐོབ་ལ་མཐིལ་རྟོགས་ཞིབ་བཤེར་ནན་པོ་བྱས་པ་དང་འབྲེལ། སྒྲིག་སྲོལ་དང་མི་མཐུན་པར་དག་ཐེར་ཡང་བྱས་པ་རེད། ལས་དོན་པས《སྨན་བཅོས་སྒྲིག་གཞིའི་ལས་གཉེར་ཆོག་འཐུས་ལག་ཁྱེར》དང་། 《སྨན་བཅོས་ཁང་གི་ཐོ་འགོད་ལག་ཁྱེར》《སྨན་པའི་ཐོབ་ཐང་ལག་ཁྱེར》 《སྨན་གཡོག་གི་ཐོབ་ཐང་ལག་ཁྱེར》སོགས་ལག་ཁྱེར་གཙོ་བོ་ཁག་ཡོད་མེད་ལ་གཙོ་གནད་ཐོག་ཞིབ་བཤེར་ནན་པོ་བྱས་ཏེ། སྨན་བཅོས་ཁང་ཚང་མ་ཁྲིམས་མཐུན་སྒྲིག་མཐུན་ངང་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱས་པ་རེད།

    གཞན་ཡང་། མང་ཚོགས་ཀྱི་རང་ངོས་འགོག་ཟོན་གྱི་འདུ་ཤེས་དང་བདེ་འཇགས་སྨན་བཅོས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཁྲིམས་མིན་གྱི་སྨན་བཅོས་སྤོང་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།