ལྷ་ས་གྲོང་ཁྱེར་གྱི“མཁའ་དབྱིངས་བོད་ལྗོངས”ཀྱི་གཙོ་དོན་སྦྲག་ཁང་པོ་ཏ་ལའི་ཚོང་ཁང་འཁྲུག་ཆ་དོད་པ།
འདི་ནི་ཉེ་ཆར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཡུལ་སྐོར་བས“མཁའ་དབྱིངས་བོད་ལྗོངས”ཀྱི་གཙོ་དོན་སྦྲག་ཁང་པོ་ཏ་ལའི་ཚོང་ཁང་དུ་ལས་སྒོ་གཉེར་བཞིན་པ།
འདི་ནི་ཉེ་ཆར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཡུལ་སྐོར་བས“མཁའ་དབྱིངས་བོད་ལྗོངས”ཀྱི་གཙོ་དོན་སྦྲག་ཁང་པོ་ཏ་ལའི་ཚོང་ཁང་སྐོར་བཞིན་པ།
དབྱར་ཁའི་གུང་གསེང་རིང་བོད་དུ་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་ཕྱིན་པ་དང་ཆབས་ཅིག འཛམ་གླིང་གི་རིག་གནས་ཤུལ་བཞག་དང་Aལྔ་རིམ་པའི་མཛེས་ལྗོངས་ཁུལ་ཡིན་པའི་ཕོ་བྲང་པོ་ཏ་ལའི་འདབས་ཀྱི་ཤར་ངོས་སུ་ཡོད་པའི“མཁའ་དབྱིངས་བོད་ལྗོངས”ཀྱི་གཙོ་དོན་སྦྲག་ཁང་པོ་ཏ་ལའི་ཚོང་ཁང་འཁྲུག་ཆ་དོད་ཅིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་ཚོས་འདི་ག་ནས་ཡིག་སྐོགས་མེད་པའི་འཕྲིན་ཡིག་དང་ཡིག་སྐོགས་ཉོས་ཏེ་དེའི་ཐོག་བཀྲ་ཤིས་སྨོན་ཚིག་བྲིས་རྗེས་རང་ཉིད་ཀྱི་བློ་ལ་བབས་པའི་ཐམ་ག་རྒྱག་པ་དང་སྦྲག་རྟགས་སྦྱོར་བའམ་ཡང་ན་རིག་གནས་བསམ་བཀོད་ཐོན་རྫས་ཉོ་གི་ཡོད།
2023ལོར་ལྷ་ས་གྲོང་ཁྱེར་གྱི“མཁའ་དབྱིངས་བོད་ལྗོངས”ཀྱི་གཙོ་དོན་སྦྲག་ཁང་པོ་ཏ་ལའི་ཚོང་ཁང་དེ་རིག་གནས་དང་ཡུལ་སྐོར་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་ཁབ་ལྕགས་ལམ་ཅུས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས། རྒྱལ་ཁབ་སྦྲག་སྲིད་ཅུས། རྒྱལ་ཁབ་ལྕགས་ལམ་ཚོགས་པ་བཅས་ཀྱིས་མཉམ་དུ་བདམས་པའི་ཁག་དང་པོའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་ཡག་ཤོས་བཅུའི་གྲས་སུ་ཚུད་ཡོད།