བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས།
ཆུ་ལོག་སྔོན་འགོག་དང་རོགས་སྐྱོབ་ཀྱི་ནང་སྦྱོང་བྱས་པ།
འདི་ནི་གྲུ་གཏོང་སྟངས་ནང་སྦྱོང་བྱེད་བཞིན་པ།
འདི་ནི་མི་མེད་གནམ་གྲུ་ནས་སྲོག་སྐྱོབ་རྐྱལ་གོར་དབྱུག་བཞིན་པ།
འདི་ནི་ས་གནས་ས་ཐོག་ཏུ་སྦྱོང་བརྡར་བྱེད་བཞིན་པ།
འདི་ནི་དངོས་འཐབ་ནང་སྦྱོང་བྱེད་བཞིན་པ།
འབྲུབ་འགོག་གེགས་སེལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“འབྲུབ་ཆུ་ཆེན་པོ་འགོག་པ་དང་། ཉེན་ཁ་ཆེན་པོ་སེལ་བ། ཉེན་ཁ་ཚབས་ཆེན་འགོག་པ”བཅས་ཀྱི་གྲ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་ཡག་པོར་སྒྲུབ་ཆེད། ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་གྱི་གནམ་གཤིས་དང་ཟུང་འབྲེལ་བྱས་ནས། ཆུ་མ་ཤོར་གོང་དུ་རགས་རྒྱག་པ་དང་རྒྱུན་དུ་དམག་འཐབ་གྲ་སྒྲིག་བྱེད་པ་མཐའ་འཁྱོངས་ཀྱིས་ཆུ་ལོག་སྔོན་འགོག་དང་རོགས་སྐྱོབ་ཀྱི་ནང་སྦྱོང་བྱས་པ་རེད།
ཐེངས་འདིའི་ནང་སྦྱོང་རིང་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་གི་དུས་བབ་ལ་གཞི་ཚུཌ་པ་དང་། དངོས་འཐབ་དམག་སྦྱོང་གི་སྤྱིའི་བླང་བྱ་གཞིར་བཟུང་བཀོད་འདོམས་དང་། སྐབས་བསྟུན། མཐུན་སྦྱོར། འགན་ལེན་སོཌ་ལ་དམིཌ་ཏེ། དངོས་འཐབ་དམག་སྦྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། ཚན་པ་ཁག་གི་བཅའ་སྡོད་བྱ་ཡུལ་ཉེ་འཁོར་གྱི་ས་ཁམས་ཆགས་ཚུལ་གང་ལེགས་སྤྱད་དེ་གྲུ་གཟིངས་ཨ་ལོག་ཐེབས་རྗེས་རང་སྐྱོབ་དང་། ཆུར་འཛུལ་ནས་རོགས་སྐྱོབ་སོགས་ཆུ་ཁོངས་སུ་རོགས་སྐྱོབ་ཀྱི་སློབ་ཚན་ཁྲིད་ནས་འཕྲལ་མར་རུབ་འཛོམས་དང་། འཕྲལ་དུ་བྱ་སྤྱོད་སྤེལ་བ། དངོས་ཟོག་སྐྱེལ་བ་སོགས་ཀྱི་ནང་དོན་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་པ་རེད།
ནང་སྦྱོང་བྱེད་པའི་བརྒྱུད་རིམ་ནང་། ནང་སྦྱོང་དང་ལེན་བྱེད་མཁན་རུ་མིའི་ཁྱད་ཆོས་ལ་གཞིགས་ཏེ། འདྲ་བཟོའི་རྣམ་པའི་སློབ་ཁྲིད་དང་། ཁག་བགོས་ནས་བཀོལ་སྤྱོད། ཚོགས་ཆུང་བགོས་ནས་མཐུན་སྦྱོར་ལས་སྒྲུབ་བཅས་ཀྱི་ཚོགས་ཆུང་གི་སྦྱོང་བརྡར་བྱེད་སྟངས་སྐབས་བསྟུན་ངང་སྤྱད་དེ་བཀོད་འཐབ་པའི་ལས་འགན་སྒྲུབ་པའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ་དང་། སྦྱོང་བརྡར་ལ་བརྟེན་ཏེ་དམག་རྒྱག་གྲ་སྒྲིག་ལ་སྐུལ་འདེད་དང་སྦྱོང་བརྡར་ལ་བརྟེན་ནས་འཇོན་ཐང་ཆེ་རུ་བཏང་སྟེ་གནས་ཚུལ་མཐིལ་རྟོགས་དང་ཞན་ཆ་སེལ་ཐུབ་པར་བྱས་པ་རེད།