དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ལས་ཁུངས་ཀྱི་ཏང་ཀྲི་པུའུ་བཞི་པས།

    སྲིད་གཙང་ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-20

    ཉེ་ཆར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ལས་ཁུངས་ཀྱི་ཏང་ཀྲི་པུའུ་བཞི་པས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། ལྷ་ས་གྲོང་ཁྱེར་སྲིད་གཙང་ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཁྲིད་ནས། ཏང་ཡོན་ལས་བྱེད་པར་ཉེན་ཟོན་སློབ་གསོ་དང་ལེན་བྱེད་དུ་བཅུག་ཡོད།

    ཉེན་ཟོན་སློབ་གསོའི་རྟེན་གཞིར་གསལ་འགྲེལ་པའི་ཁྲིད་སྟོན་འོག ཏང་ཡོན་ལས་བྱེད་པས“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་མུས་ཡིན”ཞེས་པའི་དྲིལ་བསྒྲགས་སློབ་གསོའི་པར་གཞིར་བལྟས་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱི་ལམ་བུ་དང་། དེ་ལས་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་མཉམ་དུ་སློབ་སྦྱོང་བྱས་པར་མ་ཟད། ཏང་ཡོན་ལས་བྱེད་པ་ཚང་མས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་སྟེ་འགྱུར་མེད་ཀྱི་དམ་བཅའ་བརྟན་པོའི་ཐོག་ནས་ཏང་ཞུགས་ཀྱི་ཐོག་མའི་བསམ་འདུན་ལ་འགྲེལ་བཤད་བརྒྱབ་པ་རེད།

    ལྟ་སྐོར་མཇུག་འགྲིལ་རྗེས། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས། མཐའ་ཚད་དང་དམར་ཐིག་ཡག་པོ་བསྲུངས་ནས། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སྦྱོང་བར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ། གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་མདངས་ཡུན་དུ་གནས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།