མངའ་རིས་ས་ཁུལ་གྱིས“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ།
འདི་ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་ཁྲིམས་སྐྱོང་ལག་ལེན་ཟུང་འབྲེལ་ནུས་ལྡན་དང་མཉམ་འདྲེས་གཏིང་ཟབ་མཐའ་འཁྱོངས་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་བྱས་ཏེ་བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
མངའ་རིས་ཀྱི་རིམ་ཁག་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་ཁྱབ་གདལ་སློབ་གསོའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”དང་། “སུས་དོ་དམ་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ” “སུས་ཞབས་འདེགས་ཞུས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”“སུས་ལས་མི་སྤྱད་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”བཅས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་ཁྲིའི་ལམ་ལུགས་ཀྱི་བླང་བྱར་གཞིགས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་གཙོ་གནད་ལས་དོན་གྱི་ལས་འགན་ཁག་བགོས་ཞིབ་ཚགས་བྱས་པ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ཐུན་མོང་གི་གསལ་ཐོ་དང་སྒེར་གྱི་གསལ་ཐོ་གཏན་འཁེལ་བྱས་པ། ལྟ་སྐུལ་མཛུབ་ཁྲིད་དང་སྐུལ་འདེད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། རིམ་ཁག་སྡེ་ཚན་གྱི“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་རྗེས་སྙེག་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། ཐོ་འགོད་དཔྱད་ཡིག་དང་། བཞུགས་མོལ་ཚོགས་འདུ་འཚོགས་པ། ལས་དོན་གྱི་སྙན་སེང་ཉན་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་འབྲེལ་ཡོད་ཚན་པའི“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བཅས་བྱས་ནས་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ཡོད།
བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”འགན་འཁྲི་ཚན་པའི་འགན་སྒྲུབ་དཔྱད་མོལ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་2023ལོའི་ལོ་འཁོར་གྱི“སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ཀྱི་ས་གནས་ས་ཐོག་གི་འགན་སྒྲུབ་དཔྱད་མོལ་ཚོགས་འདུ་དང“ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་གྱི་དུས་འབྲིང་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ་མ་ཟད། “ཁྲིམས་སྐྱོང་མངའ་རིས”ཀྱི་སྐད་འཕྲིན་སྤྱི་རྟགས་བརྒྱུད་སྤྱི་ཚོགས་ལ་དཔྱད་མོལ་བྱ་ཡུལ་ཚན་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲི་སྒྲུབ་ཚུལ་ཡོངས་བསྒྲགས་བྱས་པ་དང་དཔྱད་མོལ་བྱ་ཡུལ་ཚན་པས་དཔྱད་མོལ་བྱེད་རིང་གྲུབ་འབྲས་བརྗོད་པ་དང་། སྔོན་ཐོན་བརྩོན་ལེན། མི་འདང་ས་འཚོལ་བ་བཅས་ཐུབ་པ་མ་ཟད། བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་བསམ་པ་དང་གཟི་བརྗིད་མཚན་སྙན་གྱི་བསམ་པ་ཡང་ཆེ་རུ་ཕྱིན་ཡོད།