རིན་སྤུངས་རྫོང་ཁྲིམས་འཛིན་ཅུས་ཀྱིས་ཞིང་པ་ལས་མི་དང་འབྲེལ་བའི་སྐྱེལ་འདྲེན་གན་རྒྱའི་རྩོད་གཞི་བསལ་བ།
ཉེ་ཆར་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁྲིམས་འཛིན་ཅུས་ཀྱི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱིས་ཞིང་པ་ལས་མི་60ལྷག་ཙམ་དང་འབྲེལ་བ་ཡོད་པའི་སྐྱེལ་འདྲེན་གན་རྒྱའི་རྩོད་གཞི་ཞིག་བདེ་བླག་ངང་ཐག་གཅོད་བྱས་ནས་མང་ཚོགས་ལ་གླ་ཆ་མ་རག་པའི་གནད་དོན་ཐག་བཅད་པ་རེད།
ཤེས་རྟོགས་བྱུང་བར་གཞིཌ་ན། ད་ལོའི་ཟླ་3ཚེས་11ཉིན་དོ་བདག་ཕུན་ཆེ་གེ་མོ(སྐྱེལ་འདྲེན་བྱེད་མཁན)དང་ཟླ་ཆེ་གེ་མོ(སྐྱེལ་འདྲེན་མངགས་བཅོལ་བྱེད་མཁན)དབར་ས་རྡོ་སྐྱེལ་འདྲེན་གྱི་གན་རྒྱ་བཞག་པ་མ་ཟད། གན་རྒྱ་བཞག་པའི་ཉིན་ནས་བཟུང་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་རེད། ལས་མཇུག་འགྲིལ་རྗེས། དོ་བདག་ཟླ་ཆེ་གེ་མོས་དོ་བདག་ཕུན་ཆེ་གེ་མོར་གན་རྒྱའི་ནང་བཀོད་པའི་སྐྱེལ་འདྲེན་གྲོན་དངུལ་ཆ་ཚང་སྤྲད་མེད་ལ། སྤྲོད་རོགས་ཐེངས་མང་ཞུས་ཀྱང་མ་སྤྲད་པར་བརྟེན། རིན་སྤུངས་རྫོང་ཁྲིམས་འཛིན་ཅུས་ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ལ་འདུམ་འགྲིག་གནང་རོགས་ཞུས། རིན་སྤུངས་རྫོང་ཁྲིམས་འཛིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འཕྲལ་མར་བདག་སྤྲོད་བྱས་པ་དང་ཆེད་བསྐོས་མི་དམངས་འདུམ་འགྲིག་པ་བཀོད་སྒྲིག་གིས་ཕྱོགས་གཉིས་པོའི་དོ་བདག་ལ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་འདུམ་འགྲིག་བྱས་པ་རེད། ཆུ་ཚོད་བཞིའི་རིང་འདུམ་འགྲིག་བྱས་རྗེས། ཕྱོགས་གཉིས་པོའི་དོ་བདག་གིས་སྐྱེལ་འདྲེན་གྲོན་དངུལ་སྤྲོད་པའི་དུས་ཚོད་ལ་རང་མོས་ཀྱིས་གྲོས་མཐུན་བྱུང་བ་མ་ཟད། ཁྲིམས་འཛིན་ཁས་ལེན་བྱས་ཏེ་ཞིང་པ་ལས་མི་60ལྷག་གི་སྐྱེལ་འདྲེན་གྲོན་དངུལ་ལ་བཅའ་ཁྲིམས་ཀྱི་འགན་སྲུང་ཐོབ་པ་རེད།