དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྣེ་གདོང་ཆུས་ཞིབ་དཔྱོད་ཁང་གིས་ཉེན་ཡོད་འཁོར་གཏོང་གི་ཐུན་མོང་ཉེས་གསོག་གྱོད་གཞི་ཞིག་གི་དཔྱད་མཚམས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-13

    རླངས་འཁོར་བདག་པོ་དང་དོ་དམ་པས་རླངས་འཁོར་གཡར་མཁན་ར་བཟི་བ་ཤེས་བཞིན་དུ་ད་དུང་གཡར་བ་ཡིན་ན། རང་ཉིད་ཀྱིས་ར་བཟི་ནས་རླངས་འཁོར་མ་བཏང་ཡང་ཉེན་ཡོད་འཁོར་གཏོང་གི་ཐུན་མོང་ཉེས་གསོག་གི་དོགས་གཞི་ཡོད་པའི་ཁོངས་སུ་གཏོགས་ཀྱི་ཡོད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བྱས་པའི་ཉེན་ཡོད་འཁོར་གཏོང་གི་ཐུན་མོང་ཉེས་གསོག་གྱོད་གཞི་ཞིག་ལ་འདྲི་རིམ་དང་པོའི་ཁྲིམས་ཁང་གིས་ཉེས་པ་ཡོད་པའི་དཔྱད་མཚམས་བཏང་བ་རེད།

    2024ལོའི་ཟླ་5ཚེས་2ཉིན། བཀྲ་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་གཉིས་ཀྱིས་མཉམ་དུ་ཆང་བཏུང་རྗེས་བཀྲ་ཆེ་གེ་མོས་རླངས་འཁོར་བཏང་ནས་ཚེ་ཆེ་གེ་མོ་ཁྱིམ་དུ་བསྐྱལ་རྒྱུའི་གྲོས་འགོ་བཏོན་པར། ཚེ་ཆེ་གེ་མོས་བཀྲ་ཆེ་གེ་མོས་ཆང་བཏུང་བ་ཤེས་བཞིན་དུ་རླངས་འཁོར་གྱི་ལྡེ་མིག་སྤྲད་ནས་རང་ཉིད་ཁྱིམ་ལ་སྐྱེལ་དུ་བཅུག ཉིན་དེའི་དགོང་མོར། བཀྲ་ཆེ་གེ་མོས་རླངས་འཁོར་བཏང་ནས་ཚེ་ཆེ་གེ་མོ་སྐྱེལ་བའི་ལམ་བར་དུ་ལས་སྒྲུབ་མི་དམངས་ཉེན་རྟོག་པས་རྩད་ཆོད་པ་དང་། དཔྱད་འདོམས་བྱས་པ་བརྒྱུད། བཀྲ་ཆེ་གེ་མོའི་ཁྲག་ནང་གི་ཆང་རག་གི་ཉིང་ཁུ་འདུས་ཚད་ནི་179.25mg/100mlཟིན་ཡོད་པ་རེད།

    ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་དཔྱད་བྱས་པ་བརྒྱུད། བཀྲ་ཆེ་གེ་མོ་ར་བཟི་རྗེས་བགྲོད་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་བྱེད་སྤྱོད་དེ་ཉེན་ལྡན་འཁོར་གཏོང་གི་ཉེས་གསོག་ཚད་དུ་སླེབས་ཡོད་པ་དང་། ཚེ་ཆེ་གེ་མོ་རླངས་འཁོར་དོ་དམ་པ་དང་བེད་སྤྱོད་བྱེད་མཁན་ཡིན་པའི་ངོས་ནས། མི་གཞན་དེ་ར་བཟི་ཡོད་པ་ཤེས་བཞིན་དུ་ད་དུང་རླངས་འཁོར་གཡར་ནས་གཏོང་དུ་བཅུག་པའི་བྱེད་སྤྱོད་དེ་ཉེན་ཡོད་འཁོར་གཏོང་གི་ཐུན་མོང་ཉེས་གསོག་ཚད་དུ་སླེབས་ཡོད་པའི་ངོས་འཛིན་བྱས་པས། སྣེ་གདོང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཉེན་ཡོད་འཁོར་གཏོང་གི་བྱས་ཉེས་ནས་ཞུ་སྦྱོར་ཕྱི་མ་གཞུང་གཏུག་བྱས་པ་དང་། འདྲི་རིམ་དང་པོའི་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞུང་གཏུག་བྱས་པའི་ཉེས་གསོག་དོན་དངོས་ཆ་ཚང་དང་། ཉེས་མིང་དང་ཉེས་ཆད་ཚད་འབེབས་ཀྱི་གྲོས་འགོ་བཅས་དང་ལེན་བྱས་ཏེ། ཞུ་སྦྱོར་ཕྱི་མ་བཀྲ་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་གཉིས་ཀྱིས་ཉེན་ཡོད་འཁོར་གཏོང་གི་བྱས་ཉེས་བསགས་པར་ཉེས་ཆད་བཅད་པ་སྟེ། བཀྲ་ཆེ་གེ་མོར་བཙན་ཉར་ལས་སྐུལ་ཟླ་བ་གཉིས་དང་ཁྲིམས་ཆད་ཕྱིར་འགྱངས་ཟླ་བ་གསུམ་གྱི་ཉེས་ཆད་བཅད་པ་མ་ཟད། ད་དུང་དངུལ་ཆད་མི་དམངས་ཤོག་སྒོར་3000བཅད་པ་རེད། ཚེ་ཆེ་གེ་མོར་བཙན་ཉར་ལས་སྐུལ་ཟླ་བ་གཅིག་དང་ཁྲིམས་ཆད་ཕྱིར་འགྱངས་ཟླ་བ་གཉིས་ཀྱི་ཉེས་ཆད་བཅད་པ་མ་ཟད། ད་དུང་དངུལ་ཆད་མི་དམངས་ཤོག་སྒོར་2000བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།