དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྤུ་ཧྲེང་སྤྱི་བདེས་དྲ་མིག་མི་སྣར་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-13

    ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱའི་དྲིལ་བསྒྲགས་འཆད་ཁྲིད་དང་། “ངོ་ཐུག་གདོང་འཕྲད”ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས། “ཡིན་ཕྱིན་བརྒྱད་བློ་ལ་བརྟན་པོར་ངེས་པ”ཞེས་པའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཤོག་བྱང་སྦྱར་བ་སོགས་ཀྱི་རྣམ་པའི་ཐོག་ནས་ཁོངས་གཏོགས་ཁུལ་གྱི་དྲ་མིག་མི་སྣ་སྒྲིག་འཛུགས་བྱས་ཏེ་དྲ་མིག་ཏུ་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དྲ་མིག་མི་སྣར་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་པ་དང་འབྲེལ། དྲ་མིག་མི་སྣར་རྒྱུ་མཚན་གང་རུང་གི་དངུལ་བསྐུར་རེ་ཞུ་བྱེད་པའི་ཁ་པར་དང་འཕྲིན་ཐུང་ལ་ཡིད་ཆེས་བྱེད་མི་རུང་བ་དང་། དོགས་ཡོད་སྦྲེལ་མཐུད་གནོན་མི་རུང་བ། ཁེ་བཟང་ཆུང་ཆུང་ལ་རྔམ་རྒྱུ་མེད་པ། ཞིབ་དཔྱོད་དང་ཁྲིམས་ཁང་གི་མི་སྣ་ཡིན་ཁུལ་བྱས་ནས་ཁ་བསླུས་རྒྱག་པ་དང་། བྲིན་རྫུ་ཁེ་སློག རྒན་གསོའི་ཁ་བསླུས། དྲ་ཐོག་ཞོར་ལས། གྲོཌ་འགྲིག་ཁ་བསླུས་སོཌ་ཐོན་མང་བའི་ཁ་བསླུས་ཀྱི་རིགས་དོགས་ཟོན་བཅས་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད། གཞན་ཡང་། དྲ་མིག་མི་སྣར་ཁ་བསླུས་འགོག་སྟངས་དང་སྔོན་བརྡ་བཏང་ནས་བཀག་འགོག་བྱེད་སྟངས་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་ཏེ་དྲ་མིག་མི་སྣའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ནུས་སྔར་བས་ཆེ་རུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་ཉེན་རྟོག་པ་2བཏང་བ་དང་། དྲིལ་བསྒྲཌ་དཔྱད་ཡིག་100ལྷག་ཙམ་སྤྲད་པ། སློབ་གསོ་དང་ལེན་བྱེད་མཁན་དྲ་མིག་མི་སྣ་50ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།