དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ཤང་ཁྲིམས་འཛིན་ཁང་གི་ལས་དོན་པ་དང་མཉམ་དུ།

    འགལ་བ་དང་རྩོད་གཞི་གྲལ་བཤེར་གྱི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-13

    འདི་ནི་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ལས་ཡུལ་དུ་འདྲི་རྩད་བྱེད་པའི་གནས་ཚུལ་ཡིན་པ།

    གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཤུགས་ཆེན་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་གི་ཤང་འགན་གཙང་ལེན་མཁན་ཁྲིམས་དཔོན་གྱིས་ཤང་ཁྲིམས་འཛིན་ཁང་གི་ལས་དོན་པ་དང་མཉམ་དུ་འགལ་བ་དང་རྩོད་གཞི་གྲལ་བཤེར་གྱི་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གྲལ་བཤེར་ལས་དོན་མཚོ་སྟོད་ཤང་ཡོངས་ཀྱི་གྲོང་ཚོ་གསུམ་ལ་ཁྱབ་པར་བྱས་ཤིང་། ལས་དོན་པས་གྲོང་ཚོ་ཁག་གི་ཆེད་བསྐོས་པ་དང་། དྲ་མིག་པ། འཐབ་ཕྱོགས་གཅིག་གྱུར་ཨུ་ཡོན་བཅས་དང་བཞུགས་མོལ་སྤེལ་རེས་བརྒྱུད་ཉེ་དུས་གྲོང་ཚོ་སོ་སོའི་སྤྱིའི་གནས་ཚུལ་ཤེས་རྟོགས་དང་ལྷགས་སྲིད་པའི་འགལ་བའི་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེ་ཁོང་དུ་ཆུད་པར་བྱས་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་ལས་ཡུལ་དུ་བསྐྱོད་དེ་ཨར་པོ་བ་དང་ངོ་ཐུག་གདོང་འཕྲད་ཀྱིས་ཁོང་ཚོའི་རེ་བ་དང་བསམ་འཆར་ཉན་པ་རེད།

    ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས། ད་རེས་ཀྱི་མཉམ་འབྲེལ་གྲལ་བཤེར་བྱས་པ་བརྒྱུད་འགལ་བ་དང་རྩོད་གཞི་ཐོན་མ་ཐག་དུས་ཐོག་ཏུ་བསལ་བས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་ཕྱིན་ནས་གྲོང་གསེབ་ཞི་མཐུན་བརྟན་ལྷིང་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཡོད། ལྷུན་གྲུབ་རྫོང་ཁྲིམས་ཁང་གིས་ཤང་དང་གྲོང་རྡལ་ཁག་གི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་ཐབས་མང་མཉམ་འབྲེལ་འདུམ་འགྲིག་ལྟེ་གནས་དང་། “ཤང་འགན་གཙང་ལེན་མཁན་ཁྲིམས་དཔོན”“ཁྲིམས་དཔོན་འབབ་ཚུགས”བཅས་ལ་བརྟེན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིམས་སྐྱོང་གི་ཞབས་འདེགས་འགན་ལེན་བྱས་ནས་གྲོང་གསེབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་ལ་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།