དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གིས་རང་སྨྱན་སྦྱོར་གྱི་ཟང་ཟིང་རྣམ་པ་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-13

    རང་སྨྱན་སྦྱོར་གྱི་ཟང་ཟིང་རྣམ་པ་བཀག་འགོག་ནུས་ལྡན་བྱེད་པ་དང་དྲ་ཐོག་གི་ཆ་འཕྲིན་བརྒྱུད་སྤེལ་གྱི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱ་ཆེད། ཟླ་7ཚེས་23ཉིན། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་རང་སྨྱན་སྦྱོར་ཟང་ཟིང་ཆེ་བ་དང་རང་སྨྱན་སྦྱོར་གྱི་སྐྱོན་ཅན་ཆ་འཕྲིན་ལ་དམིགས་ནས་རིམ་པ་བཞིན་གྲལ་བཤེར་གྱིས་ཆགས་སྲེད་དང་རྐང་བཙུགས་ནས་སྦིར་སྒྲོག་བྱེད་པ་དང་ན་སོ་དར་ལ་མ་བབས་པའི་མི་སྣ་འཇམ་ཁྲིད་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་གཙང་བཤེར་བྱ་གཞིར་བྱས་ཏེ་ཐད་གཏོང་གཉེར་སྐྱོང་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།

    བྱེད་སྒོའི་ཁྲོད་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྤུ་ཧྲེང་རྫོང་བར་ག་ཤང་སྲིད་གཞུང་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་གཙོ་གནད་དྲ་རྒྱའི་ཐད་གཏོང་བ་དང་རང་སྨྱན་སྦྱོར་ལས་དོན་ཁང་སོགས་སུ་བཅར་འདྲི་དང་ཞིབ་བཤེར་བྱས་པ་དང་འབྲེལ་དཀྲོག་གཏམ་མེད་པར་བཟོ་བའི་ཚན་རིག་ཁྱབ་གདལ་སློབ་ཚན་བཀོད་སྒྲིག་གིས་རང་སྨྱན་སྦྱོར་གྱི་དཔོད་བདག་དྲ་རྒྱའི་དཀྲོག་གཏམ་བཀག་འགོག་བྱེད་པའི་བྱ་སྤྱོད་ལ་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་ཡ་རབས་ངང་དྲ་ཞུགས་དང་། བདེ་འཇཌ་ངང་དྲ་ཞུགས། ཁྲིམས་སྲུང་ངང་དྲ་ཞུགས་བཅས་མཐའ་གཅིག་ཏུ་ཐུབ་པར་བྱས་ཡོད། དྲ་ཚིགས་འཛུགས་པ་དང་གཉེར་སྐྱོང་ལ་དམིགས་ནས་དྲ་ཚིཌ་འཛུཌ་པ་དང་གཉེར་སྐྱོང་པས“སུས་བཙུགས་ཚེ་དེས་འགན་འཁུར་བ་དང་སུས་གཉེར་སྐྱོང་བྱས་ཚེ་དེས་འགན་འཁུར་བའི”རྩ་དོན་གཞིར་བཟུང་། དྲ་རྒྱའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་གཉེར་སྐྱོང་ཁྲིམས་མཐུན་ལུགས་མཐུན་བྱེད་པར་དྲན་སྐུལ་བྱས་ནས་སྤེལ་གཏོང་གི་ནང་དོན་ཚུལ་མཐུན་དང་སྟོན་ཕྱོགས་ཡང་དག་ཡོང་བའི་འགན་ལེན་བྱས་པ་དང་ཆབས་ཅིག་མི་དམངས་ཉེན་རྟོག་པས་ད་དུང་རང་སྨྱན་སྦྱོར་གྱི་ལས་གཉེར་བ་དང་ལས་སྟེགས་ལ་སྐོར་ཞིབ་ལྟ་སྐུལ་དོ་དམ་བྱས་ཏེ་དྲ་རྒྱའི་ཐད་གཏོང་དང་བརྙན་ཐུང་ལས་རིགས་ཀྱི་ཚད་ལྡན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ན་སོ་དར་ལ་མ་བབས་པའི་མི་ཐད་གཏོང་ལ་ཞུགས་པར་བཀག་འགོག་བྱེད་པ་དང་། དངོས་ཟོག་རྫུན་མ་བྲིན་ཚོང་དང་དྲིལ་བསྒྲགས་རྫུན་མ་བྱེད་པའམ་རྒན་རྒོན་ལ་འཛད་སྤྱོད་དང་མ་རྩ་གཏོང་བར་འཇམ་ཁྲིད་བྱེད་པར་སྔོན་འགོག་ནན་པོ་བྱས་པ་མ་ཟད། རྩིས་ཐོའི་མིང་གི་ཆ་འཕྲིན་ཞིབ་བཤེར་དང་ཆ་འཕྲིན་གྱི་ནང་དོན་ཞིབ་བཤེར་སོགས་རྒྱུན་གཏན་ཅན་གྱི་དོ་དམ་ལ་ཤུགས་སྣོན་ཡང་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།