ཞིང་ནང་དུ་སྒྲོག་འགྲེལ་བྱེད་བཞིན་པ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། རང་ལྗོངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་མྱུར་དུ་འཕྱུར་ཡོད། ཉིན་ཤས་བསྟུད་མར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་གིས“སྐོར་སྐྱོད་སློབ་ཁང”གི་དྲིལ་བསྒྲགས་བྱེད་སྟངས་སྤྱད་དེ་སློབ་ཁང་ཞིང་ནང་དུ་སྤོས་ནས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད། འདི་ནི་རྒྱ་མཚོ་གཞུང་ཤང་ཞྭ་ལུ་གྲོང་ཚོའི་ཡུལ་མིས་ཞིང་ནང་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་བཞིན་པ།