མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཀྱིས།
ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོ་དྲ་མིག་ཏུ་སྤེལ་བ།
ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཁ་བསླུས་ལ་ངོ་རྒོལ་གྱི་ཤེས་བྱའི་དྲིལ་བསྒྲགས་འཆད་འཁྲིད་བྱས་པ་དང་། “ངོ་ཐུག་གདོང་འཕྲད”ཀྱིས་ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་པ། “ཡིན་ཕྱིན་བརྒྱད་ངེས་པར་དུ་སེམས་ལ་ངེས་དགོས་པའི”ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲཊ་ཤོག་ལྷེ་སྦྱར་བ་སོགས་ཀྱི་ཐབས་ཤེས་བརྒྱུད་དྲ་མིག་ཏུ་ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཁོངས་གཏོགས་ནང་གི་དྲ་མིག་མི་སྣར་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས་དངུལ་བསྒྱུར་དགོས་པའི་རེ་བ་འདོན་མཁན་ཆ་རྒྱུས་མེད་པའི་ཁ་པར་དང་འཕྲིན་ཐུང་ལ་གང་བྱུང་ཡིད་ཆེས་བྱེད་མི་རུང་བ་དང་། དོགས་པ་ཡོད་པའི་དྲ་ཚིགས་ནང་གང་བྱུང་འཛུལ་མི་རུང་བ། ཁེ་བཟང་ཆུང་ངུར་རྔམས་ནས་མགོ་སྐོར་འོག་ཚུད་མི་རུང་བ་བཅས་ཀྱི་དྲན་སྐུལ་བྱས་པ་མ་ཟད། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ལ་བརྫུས་ནས་ཁ་བསླུས་རྒྱག་པ་དང་། རྒན་གསོའི་དངུལ་ཁ་བསླུས་རྒྱག་པ་སོགས་ཁ་བསླུས་རྒྱག་སྟངས་སྣ་ཚོགས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད། དེ་དང་ཆབས་ཅིག་དྲ་མིག་མི་སྣར་ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་སྟངས་དང་། སྔོན་བརྡ་གཏོང་བ་དང་བཀག་སྡོམ་བསླབ་བྱ་བྱེད་པའི་གོ་རིམ་དང་ཐབས་ཤེས་སོགས་ཀྱི་ནང་དོན་བསླབས་ནས། དྲ་མིག་མི་སྣའི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་འགོག་ཟོན་གྱི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་བསྡོམས་ཉེན་རྟོག་པ་2བཏང་བ་དང་། དྲིལ་བསྒྲགས་ཀྱི་དཔྱད་གཞི་100ལྷག་ཙམ་སྤྲད་པ། དྲ་མིག་མི་སྣ་50ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།