དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཞིས་རྩེ་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ།

    ཞིབ་དཔྱོད་ཀྱི་འགན་འཁྲིར་བརྟེན་ནས་དམངས་འཚོ་ཧུར་ཐག་སྐྱོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-06

    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་བཀོད་སྒྲིག་བྱས་ཚུན། གཞིས་རྩེ་ཞིབ་དཔྱོད་ལས་ཁུངས་ཀྱིས་ས་གནས་འདི་གའི་དོན་དངོས་དང་ཟུང་འབྲེལ་དང་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་ལ་གཞི་ཚུགས་ནས“གྱོད་དོན་རེ་རེ་བཞིན་སྤུས་ཚད་མཐོ་ལ་ཕན་འབྲས་ལྡན་པའི་ངང་ཡག་པོ་སྒྲུབ་རྒྱུ”མཐའ་འཁྱོངས་དང་། ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པར་བརྟེན་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། ཞིབ་དཔྱོད་དམངས་ཆེད་ཀྱི“བརྩེ་སེམས་ཆེན་པོ”ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི“ལག་ལེན་ཆུང་ངུ”དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས། མི་དམངས་མང་ཚོཌ་ཀྱི་འཕྲ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་གི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་ཁྲིམས་སྐྱོང་གི་འགན་ལེན་དེ་བས་ནུས་ལྡན་བྱས་ཡོད་པ་རེད།

    “སྲིད་གཞུང་དང་ཞིབ་དཔྱོད”མཉམ་འགུལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁྲིམས་བཞིན་སྲིད་འཛིན་ལ་སྐུལ་འདེད་བཏང་བ།

    གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྲུན་བྱེད་རིང་གི་འགན་ནུས་གང་ལེགས་བཏོན་ཏེ། སྲིད་འཛིན་ཞིབ་དཔྱོད་དང་། སྲིད་འཛིན་ཆད་གཅོད། སྲིད་འཛིན་བསྐྱར་གྲོས་བཅས་དང་། དེ་བཞིན་གཏུག་བཤེར་བྱེད་དགོས་པའི་ལག་བསྟར་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་འབྲེལ་མཐུད་གཞོགས་འདེགས་ཧུར་ཐག་བྱས་ནས་སྲིད་འཛིན་རྩོད་གཞི་སེལ་བར་རམ་འདེགས་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་དང་མཉམ་དུ《“སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ”གྱི་ལས་ཀའི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལག་བསྟར་བསམ་འཆར》བཀྲམ་ནས་ལེགས་ཆ་གསབ་རེས་དང་དགེ་མཚན་ལྡན་པའི་མཉམ་འགུལ་གྱི་སྲིད་གཞུང་དང་ཞིབ་དཔྱོད་ཀྱི་འབྲེལ་བ་གསར་པ་ཧུར་ཐག་བཙུགས་ཏེ་སྲིད་འཛིན་རྩོད་གཞི་ངོ་བོའི་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཁྲིམས་བཞིན་སྲིད་འཛིན་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད་པ་རེད།

    ཉེས་དོན་ཞིབ་དཔྱོད་དང་སྲིད་འཛིན་ཞིབ་དཔྱོད་མཉམ་འདྲེས་ལྟ་སྐུལ་གྱི་ལེགས་ཆ་གང་ལེགས་བཏོན་ཏེ། བལྟོས་བཅས་སུ་ཞུ་གཏུག་བྱེད་མི་དགོས་པའི་གྱོད་གཞིའི་རྗེས་མཐུད་སྲིད་འཛིན་ཆད་གཅོད་ཐད་གནས་པའི“ཉེས་ཆད་མི་གཅོད་པ་དང་། སྒྱུར་དགོས་རིགས་མི་སྒྱུར་བ། ཉེས་ཆད་གཅོད་དགོས་རིགས་ལ་ཉེས་ཆད་མི་གཅོད་པ”སོགས་ཀྱི་གནད་དོན་ཧུར་ཐག་སེལ་ཆེད། གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས《ཉེས་ཆད་ལག་བསྟར་གྱི་ཞིབ་དཔྱོད་ཁུངས་སྣེ་རྩིས་སྤྲོད་ལ་ཤུགས་སྣོན་བརྒྱབ་སྟེ་ཉེས་ཆད་ལག་བསྟར་གྱི་ལྡོག་ཕྱོགས་འབྲེལ་མཐུད་ལ་སྐུལ་འདེད་དང་སྲིད་འཛིན་ཁྲིམས་འགལ་བྱེད་སྤྱོད་ལྟ་སྐུལ་ལས་དོན་གྱི་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས་པ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་དང་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་སོགས་དང་མཉམ་དུ《གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་སུ་ཉེས་ཆད་ལག་བསྟར་གྱི་ཕྱོགས་གཉིས་འབྲེལ་མཐུད་དང་སྲིད་འཛིན་ཁྲིམས་འགལ་བྱེད་སྤྱོད་ལྟ་སྐུལ་མཉམ་སྒྲུབ་ལས་ཀའི་བྱ་ཐབས》བཏོན་ནས་ལས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱས་པ་རེད།

    “ཁྲིམས་སྦྱོར་ལ་རྒྱབ་སྐྱོར”གྱིས་དམིགས་བསལ་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པ།

    ལས་ཀའི་མཉམ་ཤུགས་གཅིག་སྒྲིལ་ལ་དམིགས་ནས་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་མཉམ་དུ《“བཟོ་ཚོགས་+ཞིབ་དཔྱོད་ཁང”གི་ངལ་རྩོལ་པའི་ཁེ་དབང་འགན་ལེན་མཐུན་སྦྱོར་ལས་ཀའི་ལམ་སྲོལ》ལ་མིང་རྟགས་བཀོད་དེ་སྡེ་ཚན་ཁག་གི་འགན་འཁྲིར་དམིགས་ནས་ཁུངས་སྣེ་རྩིས་སྤྲོད་དང་། འབྲེལ་གཏུག བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་ལམ་སྲོལ་བཙུགས་ཏེ་ཁྲིམས་སྦྱོར་ལ་རྒྱབ་སྐྱོར་གྱི་མཉམ་ཤུགས་ཆགས་པར་བྱས་ནས་ཉམས་ཞན་ཚོགས་སྤྱིར་ཁྲིམས་བཞིན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐབས་ལམ་གསར་པ་བཏོད་ཡོད་པ་རེད།

    ཉམས་ཞན་ཚོགས་སྤྱིའི་ཁེ་ཕན་སྲུང་སྐྱོང་ལ་དམིགས་ཏེ་དམངས་དོན་གྱི་རྒྱབ་སྐྱོར་ཁྲིམས་སྦྱོར་རིགས་ཀྱི་གྱོད་གཞི་ཁག་47བསྒྲུབས་ནས་ཉམས་ཞན་ཚོགས་སྤྱིར་གྱོང་གུན་སྒོར་ཁྲི་90.67མི་ཕོག་པར་བྱས་ཡོད། གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་ཀྱི་ཆེད་དོན་བྱ་སྤྱོད་ལ་ཞུགས་རིང་། བསམ་གྲུབ་རྩེ་ཆུས་དང་། ཁང་དམར་རྫོང་། གྲོ་མོ་རྫོང་། བཞད་མཐོང་སྨོན་རྫོང་སོགས་རྫོང་དང་ཆུས་ཀྱི་ཞིབ་དཔྱོད་ཁང་གིས་བརྟག་དཔྱད་དཔང་ལེན་བྱས་རྗེས“ཁྲིམས་སྦྱོར་ལ་རྒྱབ་སྐྱོར་+འདུམ་འགྲིག་ལ་ཁྲིད་སྟོན”གྱི་གྱོད་གཞི་སྒྲུབ་སྟངས་སྤྱད་དེ་ཞིང་པ་ལས་མིར་གླ་ཆ་ལེན་རོགས་ཧུར་ཐག་བྱས་པ་རེད།

    དམག་མི་དང་དམག་མིའི་ནང་མིའི་ཁྲིམས་མཐུན་ཁེ་དབང་ལ་དམིགས་ནས་ས་སྐྱ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་དངོས་ཞབས་དམག་མིའི་ཁེ་དབང་སྲུང་སྐྱོང་གི་དམངས་དོན་ཁྲིམས་སྦྱོར་ལ་རྒྱབ་སྐྱོར་བྱེད་པའི་གྱོད་གཞི་ཐོག་མ་སྒྲུབ་སྐབས“ཁྲིམས་སྦྱོར་ལ་རྒྱབ་སྐྱོར་+ཁྲིམས་ར་མ་འཚོག་གོང་གི་འདུམ་འགྲིག”གི་བྱ་ཐབས་ལ་བརྟེན་ནས་དངོས་ཞབས་དམག་མིར་སྨན་བཅོས་གྲོན་དངུལ་དང་དབང་པོ་སྐྱོན་ཅན་གྱི་སྐྱིན་ཚབ་དངུལ་སྒོར་ཁྲི་13.03ལེན་རོགས་བྱས་ཡོད་པ་རེད།

    རྒན་གསོའི་བདེ་འཇགས་ལ་དམིགས་ཏེ་གམ་པ་རྫོང་སོགས་རྫོང་དྲུག་གི་ཞིབ་དཔྱོད་ཁང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“ཞིབ་དཔྱོད་གྲོས་འགོ་ཨང་བཅུ་གཅིག་པ”དོན་འཁྱོལ་ནན་པོ་བྱས་ཏེ་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ལ་རྒན་གསོའི་སྒྲིག་གཞིའི་བདེ་འཇགས་འགན་སྲུང་ལམ་ལུགས་ལས་དོན་ཐད་གནས་པའི་སྐྱོན་ཆ་སོགས་ཞིབ་དཔྱོད་གྲོས་འགོ་བཏོན་པ་དང་འབྲེལ། རྒན་རྒོན་གྱིས་ཁ་བསླུས་འགོག་ཟོན་བྱེད་པ་སོགས་ཁྲིམས་སྐྱོང་དྲིལ་བསྒྲཌ་བྱས་པ་རེད།

    སྤྱི་ཕན་གཏུག་བཤེར་གྱི་འགན་ནུས་བཏོན་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་བྱས་པ།

    “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”དང“ཇོ་མོ་གླང་མ་སྲུང་སྐྱོང” “མྱང་ཆུ་གཙང་པོ་སྲུང་སྐྱོང”སོགས་ཀྱི་ཆེད་དོན་ལྟ་སྐུལ་བྱེད་སྒོ་མུ་མཐུད་སྤེལ་ནས། སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁུངས་སྣེ་ཁག་305བདག་སྤྲོད་བྱས་པ་དང་། ཁག་272གྱོད་དོན་ཐོ་འགོད་བྱས་པ། ཁག136གཏུག་བཤེར་མ་བྱས་གོང་གྲོས་མོལ་ཞིབ་གཅོད་བྱས་པ། ཞིབ་དཔྱོད་གྲོས་འགོ་ཁག་82བཏོན་པ། དམངས་དོན་སྤྱི་ཕན་གཏུག་བཤེར་1བྱས་པ་རེད།

    སྦགས་བཙོག་ཤོར་བའི་ཆུ་ཁོངས་རྒྱ་ཁྱོན་མུའུ་5གཙང་སེལ་ལ་སྐུལ་འདེད་བཏང་ཞིང་། ཁྲིམས་འགལ་ངང་སྤུངས་པའི་འཚོ་བའི་གད་སྙིགས་ཏུན་1.52གཙང་སེལ་བྱས་པ་དང་འབྲེལ་ཐོན་སྐྱེད་རིགས་ཀྱི་སྙིགས་རོ་ཏུན་3ཚུར་བསྡུ་དང་གཙང་སེལ་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་རྒྱུ་ནོར་སྒོར་ཁྲི་297.08ལེན་པར་ལྟ་སྐུལ་བྱས་པ་རེད།

    མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་དམིགས་ནས་མི་སྒེར་གྱི་ཆ་འཕྲིན་བདེ་འཇཌ་ཁྱབ་ཁོངས་ཀྱི་གྱོད་གཞིའི་ཁུངས་སྣེ་55ཁྲིམས་བཞིན་བསྒྲུབས་པ་དང་། གྱོད་གཞི་38གྱོད་དོན་ཐོ་འགོད་བྱས་པ། གྱོད་གཞི་10ལ་གྲོས་མོལ་བྱས་པ། ཞིབ་དཔྱོད་གྲོས་འགོ་17བཏོན་པ་རེད།

    འགན་འཁྲི་སྒྲུབ་རིང་ཤེས་རྟོགས་བྱུང་བའི་ཚལ་ཁྲོམ་གྱི་ཚོང་དུད་དང་ཚོང་ཁང་ཁག་གཅིག་གིས་ཤ་རིགས་སོས་པ་ཚོང་ཁུལ་དུ“སོས་མཐོང་གློག་སྒྲོན”སྔར་བཞིན་སྤྱོད་པའི་གནད་དོན་ལ་དམིགས་ཏེ། གྱོད་དོན་ཐོ་འགོད་བརྟག་དཔྱད་དང་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་དང་གྲོས་མོལ་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས“སོས་མཐོང་གློག་སྒྲོན”གྱི་ཟང་ཟིང་གནད་དོན་དུས་གཅིག་ཏུ་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི“ལྕེ་རྩེའི”བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།