དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • འཇོ་མདའ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས།

    སྤྱོད་ཚུལ་དང་སྒྲིག་ཁྲིམས་འཛུགས་སྐྱོང་ལ་དམ་འཛིན་རྒྱུན་མཐུད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-06

    འདི་ནི་སྒྲིག་སྲོལ་དང་སྲོལ་ཡིག་ཤེས་བྱ་སྦྱོང་བཞིན་པ།

    འདི་ནི་ཉལ་ཁང་གི་གཙང་སྦྲར་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར་འཇོ་མདའ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་སྦྱོང་བརྡར་གྱི་ལས་འགན་དང་ཟུང་འབྲེལ་གྱིས་སྤྱོད་ཚུལ་དང་སྒྲིག་ཁྲིམས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་བ་རེད།

    རུ་འབྲིང་དེས་དཔེ་ཀློག་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་སྒྲིག་སྲོལ་དང་སྲོལ་ཡིག་གི་ཤེས་བྱ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། པན་ཀྲང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་དང་། ལས་ཞོར་དུས་ཚོད་སྤྱད་དེ་པན་ཀྲང་གིས་རུ་མིའི་སྣེ་ཁྲིད་སློབ་སྦྱོང་བྱས་པ་དང་ཆབས་ཅིག རུ་མིའི་ཟིན་བྲིས་ལ་ཞིབ་བཤེར་ནན་ཏན་བྱས་ལ། དཔེ་ཀློག་བྱེད་སྒོའི་རིང་རུ་མིར་དཔེ་དེབ་ཀློག་ཏུ་བཅུག་སྟེ་སེམས་ལ་ངེས་པར་བྱས་པ་རེད། རྒྱུན་གཏན་གྱི་སྦྱོང་བརྡར་སྐབས་རུ་འབྲིང་གིས་སྡོད་བྱ་དང་སྦྱོང་བརྡར་གྱི་སྒྲིག་ལམ་ལ་དམ་འཛིན་ནན་པོ་བྱས་ཏེ་རུ་མིར་སྦྱོང་བརྡར་ནན་པོ་བྱེད་དགོས་པའི་ནན་བཤད་བྱེད་ཀྱི་ཡོད། ལུས་སྦྱོང་བྱེད་སྐབས་ཀྱང་། ངལ་གསོའི་བར་གསེང་གི་དུས་ཚོད་སྤྱད་དེ་མགྱོཌ་ལན་འདེབས་པའི་རོལ་རྩེད་སྒྲིག་འཛུཌ་ཀྱིས་ལུས་སྦྱོང་བྱེད་པ་དང་ཆབས་ཅིག་སྒྲིག་སྲོལ་དང་སྲོལ་ཡིག་གི་ཤེས་བྱ་སློབ་སྦྱོང་བྱེད་པའི་སྤྲོ་སེམས་འཕེལ་བར་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།