གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།
གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་བདེ་འཇཌ་ཀྱི་གཅིག་སྡུད་མཚན་བཤེར་བྱ་སྤྱོད་སྤེལ་བ།
འདི་ནི་ཞིབ་བཤེར་བས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་པ།
ཟླ་གོང་མའི་ཟླ་དཀྱིལ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་མེ་ཟོན་བདེ་འཇགས་ཀྱི“མཚན་མོའི་ཆུ་ཚོད་བཅུ་གཉིས་ཀྱི་ཞིབ་བཤེར”བྱ་སྤྱོད་གཅིག་གྱུར་སྤེལ་བ་རེད།
ད་ཐེངས་ཀྱི་བྱ་སྤྱོད་ནི་གྲོང་ཁྱེར་དང་རྫོང(ཆུས)རིམ་པ་གཉིས་ཀྱི་མེ་ཟོན་ལྟ་སྐུལ་སྟོབས་ཤུགས་ཀྱིས་གཅིག་གྱུར་སྤེལ་ཞིང་། “འཚང་གཡོལ་ཞིབ་བཤེར”དང“མཚན་མོའི་ཆུ་ཚོད་བཅུ་གཉིས་ལ་ཞིབ་བཤེར”དེ་བཞིན་སྐད་འཕྲིན་དང་དྲ་ཐོག་གི་ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་བྱེད་སྟངས་སྤྱད་ནས། མགྲོན་ཁང་དང་། གསོལ་མགྲོན་ཁང་། སྤྱི་པའི་རོལ་རྩེད་ཁང་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་བ་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་སྤྱི་ཚོགས་ཚན་པ་270ལྷག་ཙམ་ལ་གྲལ་བཤེར་བྱས་པ་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་620ལྷག་ཙམ་ཤེས་རྟོགས་བྱུང་བ་དང་འབྲེལ་དག་ཐེར་བྱ་རྒྱུའི་སྐུལ་འདེད་བཏང་བ་རེད།