དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྣེ་གདོང་ཆུས་སྤྱི་བདེ་ཅུས་ཡར་སྟོད་ཤང་མངགས་གཏོང་ཁང་གིས།

    རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གླ་ཕྲུག་ཅིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-06

     འདི་ནི་ཡར་སྟོད་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་དང་ཉེན་རྟོག་པས་གླ་ཕྲུག་རྨས་མ་སྐྱོབ་བཞིན་པ།

    འདི་ནི་ཡར་སྟོད་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པས་རི་སུལ་དུ་ལུས་པའི་གླ་ཕྲུག་སྐྱོབ་བཞིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་མངགས་གཏོང་ཁང་ལ་མང་ཚོགས་ཀྱིས། ར་མོ་ནང་གྲོང་ཚོ་ཨུ་ལྷན་གྱི་རི་རྒྱབ་ཏུ་གླ་ཕྲུག་རྨས་མ་ཅིག་འདུག་ཅེས་སྙན་སེང་ཞུས་ཤིང་། བརྟག་དཔྱད་བྱས་པ་བརྒྱུད། གླ་ཕྲུག་དེར་རྨས་སྐྱོན་ཆེན་པོ་ཕོག་མེད་ཀྱང་། མི་དམངས་ཉེན་རྟོག་པས་མངགས་གཏོང་ཁང་དུ་ཁྲིད་ནས་ཆུ་དང་གཟན་རྩྭ་སོགས་སྟེར་ཏེ་ལྟ་སྐྱོང་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་ནགས་ལས་ཅུས་ཀྱིས། སྲོག་ཆགས་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། དེ་ཕྱིར་འཚོ་གནས་བྱེད་ཐུབ་པའི་ནུས་པ་ལྡན་པ་གཏན་འཁེལ་བྱུང་རྗེས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ནགས་ལས་ཆུས་ཀྱི་ལས་དོན་པར་གཞོགས་འདེགས་ཞུས་ནས་གླ་ཕྲུག་དེ་རང་བྱུང་ཁམས་སུ་གློད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།