དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་མངགས་གཏོང་ཁང་གིས།

    གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གི་འགལ་ཟླ་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-06

    སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་མངགས་གཏོང་ཁང་གིས“ཧྥེང་ཆའོ་རྣམ་པའི་སྤྱི་བདེའི་མངགས་གཏོང་ཁང་འཛུགས་དགོས་པའི”འབོད་སྐུལ་ལ་དང་ལེན་ཧུར་ཐག་ཞུས་ནས་ཟླ་7ཚེས་17ཉིན་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་བྱ་སྤྱོད་ལས་ཐོན་པའི་འགལ་ཟླ་དང་རྩོད་གཞི་ཞིག་འདུམ་འགྲིག་བདེ་བླག་བྱས་པས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མང་ཚོགས་ཀྱི་ཁེ་ཕན་འགན་ལེན་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

    ཉིན་དེའི་ཕྱི་དྲོར། རྡོ་བཀྲས་གྲོང་ཚོའི་མང་ཚོགས་བཀྲ་ཆེ་གེ་མོ་དང་འཚོ་སྡོད་ཁོར་ཡུག་རྣམ་གྲངས་ཀྱི་ཨར་ལས་ཕྱོགས་དབར་ཇུས་འགོད་ལུགས་མཐུན་མ་བྱུང་བའི་དབང་གིས་ཆར་དུས་སུ་ཆར་ཆུ་ཕྱིར་འབུད་ཀྱི་གནད་དོན་ཐད་འགལ་བ་བྱུང་ལུགས་སྐོར་གྱི་ཤང་སྲིད་གཞུང་གི་ཉེན་དོན་སྙན་སེང་འབྱོར་རྗེས། དཔལ་སྡེ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་མགྱོགས་མྱུར་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་དང་བརྡར་གཅོད་བྱས་པ་བརྒྱུད། འདུམ་འགྲིག་ཇུས་གཞི་མགྱོགས་མྱུར་བཟོས་པ་རེད། ཤང་སྲིད་གཞུང་དང་གྲོང་སྡོད་ལས་དོན་རུ་ཁག་གི་གཞོགས་འདེགས་འོག “རྡོ་བཀྲས་གྲོང་ཚོའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་ཇུས་འགོད་ཨར་ལས་གནད་དོན་སྐོར་གྱི་ཚུར་ལན་ཚོགས་འདུ”འཚོགས་པ་དང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁྲིམས་ལུགས་དང་གནས་ལུགས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས་ཕྱོགས་གཉིས་པོའི་འགལ་ཟླ་བདེ་བླག་ངང་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།