དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • 《བོད་རང་སྐྱོང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྲོལ་ཡིག》ཟླ་8ཚེས་1ཉིན་ནས་ལག་བསྟར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-06

    གསར་འགོད་པར་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མི་ཤུགས་ཐོན་ཁུངས་ཁྲོམ་ར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་ཤུགས་ཐོན་ཁུངས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྲོལ་ཡིག》(གཤམ་ལ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཟོས་ནས་ཁྱབ་བསྒྲགས་བྱས་ཏེ་ཟླ་8ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་རེད།

    《སྲོལ་ཡིག》དེ་སྤྱིའི་རྩ་དོན་དང་། མི་ཤུགས་ཐོན་ཁུངས་ཁྲོམ་ར་སྐྱེད་སྲིང་། མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི། མི་ཤུགས་ཐོན་ཁུངས་ཁྲོམ་རའི་བྱེད་སྒོའི་ཚད་གཞི། ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་དོན་ཚན་སོགས་ས་བཅད་བདུན་དང་ཁྱོན་དོན་ཚན་ཞེ་ལྔར་དབྱེ་ཡོད་པ་དེ་དག་གཙོ་བོ་ཁྲོམ་ར་སྐྱེད་སྲིང་དང་། ཁྲོམ་རའི་གཉེར་སྐྱོང་བྱེད་པོ། ཁྲོམ་རའི་བྱེད་སྒོ། ཁྲོམ་རའི་ཞབས་ཞུ། ཁྲོམ་ར་ལྟ་འདོམས་སོགས་ཐད་གཏན་འབེབས་ཞིབ་ཕྲ་བྱས་པ་དེ་ནི་དུས་རབས་གསར་པར་རང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་ར་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་དང་གཞི་རྩའི་ཚད་གཞི་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། 《སྲོལ་ཡིག》ནང་གཙོ་གནད་དེ་བས་མངོན་གསལ་དོད་པ་དང་། འགན་འཁྲི་ཁ་གསལ་བ། ལམ་སྲོལ་ལེགས་པ། སྒྲིག་ལམ་ཚད་ལྡན་བཅས་ཡོང་བར་བྱས་ཏེ། སྲིད་གཞུང་གིས་མི་ཤུགས་ཐོན་ཁུངས་ཁྲོམ་རར་ཞབས་འདེགས་ཞུ་བའི་འགན་ནུས་གཙོ་གནད་ཐོག་ཆེ་རུ་གཏོང་བ་དང་། མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིར་ལྟ་འདོམས་བྱེད་ཤུགས་དང་མི་ཤུགས་ཐོན་ཁུངས་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་བྱེད་སྒོ་ཚད་ལྡན་དང་དོ་དམ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད། 《སྲོལ་ཡིག》ནང་ད་དུང་ལས་ཀ་འཚོལ་མཁན་དང་། མི་སྤྱོད་ཚན་པ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི་བཅས་ཀྱི་བྱེད་སྒོ་ཚད་ལྡན་དུ་བཏང་ནས། ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་ཁྲིམས་མཐུན་ཁེ་དབང་འགན་ལེན་དང་། ལྟ་འདོམས་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་གཞུང་གི་ལྟ་འདོམས་ཀྱི་འགན་འཁྲི་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།