ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཧྥེང་ཆའོ་ཡི་ཉམས་མྱོང”ལ་སློབ་སྦྱོང་བྱེད་པའི་རྣམ་པ་གསར་པ་བཏོད།
མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ཆེད་མངགས་གདན་ཞུའི་ལྟ་སྐུལ་པ་བཅས་ཀྱིས་ཁྲིམས་ཁང་ལ་རྟོག་ཞིབ་བྱེད་པའི་བྱེད་སྒོ་སྤེལ་བ།
ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཧྥེང་ཆའོ་ཡི་ཉམས་མྱོང”ལ་སློབ་སྦྱོང་བྱེད་པའི་རྣམ་པ་གསར་པ་བཏོད། —— མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ཆེད་མངགས་གདན་ཞུའི་ལྟ་སྐུལ་པ་བཅས་ཀྱིས་ཁྲིམས་ཁང་ལ་རྟོག་ཞིབ་བྱེད་པའི་བྱེད་སྒོ་སྤེལ་ཞིང་། བོད་དུ་བཞུགས་པའི་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་15དང་དེ་བཞིན་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཆེད་མངགས་གདན་ཞུའི་ལྟ་སྐུལ་པས་གདན་ཞུས་ལྟར་སྣེའུ་མི་དམངས་ཁྲིམས་ཁང་དང་། ཡབ་མདའ་ཁྲོམ་གཞུང་གཏུག་བཤེར་འབྱུང་རྩ་བཅོས་སྒྲིག་ལས་དོན་ས་ཚིགས། སྟོད་ལུང་བདེ་ཆེན་ཆུས་མི་དམངས་ཁྲིམས་ཁང་བཅས་ལ་རྟོག་ཞིབ་བྱས་པ་དང་འབྲེལ་བཞུགས་མོལ་ཡང་བྱས་པ་རེད།
རྟོག་ཞིབ་པས་ནན་ཏན་ངང་ལྟ་བ་དང་ཉན་པ་དང་གཞི་རིམ་གྱི་ལས་བྱེད་པ་དང་ཉེན་རྟོག་པར་སྐད་ཆ་ཡང་ཡང་དྲིས་ནས། གཞི་རིམ་ཁྲིམས་ཁང་གིས་དམངས་ལ་སྟབས་བདེ་སྐྲུན་པའི་ལེགས་ཆ་འདོན་སྤེལ་བྱས་པ་དང་། སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པ། དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། ས་གནས་ས་ཐོག་ནས་མི་དམངས་ཁྲིམས་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། འགལ་བ་དང་རྩོད་གཞི་གཏུག་བཤེར་མ་བྱས་གོང་ཐག་གཅོད་གཙང་མ་ཡོང་བར་སྐུལ་འདེད་གཏོང་བ་དང་དོ་བདག་གི་གཏུག་བཤེར་ལས་བྱུང་བའི་དཀའ་ངལ་ཆུང་དུ་ཏན་ཏིག་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་མྱོང་ཚོར་ཐུབ་ཡོད། ཚང་མས་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་བརྒྱུད། མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་འབྱུང་རྩ་ནས་བཅོས་སྒྲིག་གཏིང་ཟབ་དང“ཧྥེང་ཆའོ་རྣམ་པའི་མི་དམངས་ཁྲིམས་ར”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཐབས་ལམ་འཚོལ་ཞིབ་ནུས་ལྡན་བྱས་པར་བདེན་དཔང་བྱས་ཡོད་ལ། གཞི་རིམ་ཁྲིམས་ཁང་གིས་འགལ་བ་དང་རྩོད་གཞི་སེལ་བའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཁྲིམས་འཛིན་གྱིས་འགན་འཁྲི་འཁུར་བ་མྱོང་ཚོར་ཟབ་མོའང་ཐུབ་བྱུང་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།