དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁ་རུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིང་པ་ལས་མིའི་གླ་ཆ་ལེན་རོགས་བྱས་ནས་ཁེ་དབང་བསྲུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-30

    ཟླ་6ཚེས་18ཉིན“དྲང་བདེན་བསྐྱངས་ནས་གཞུང་དྲང་ཁྲིམས་སྒྱུར་གྱིས། ལས་མིའི་གླ་ཆ་ལེན་རོགས་བྱས་ནས་ཁེ་དབང་བསྲུངས”ཞེས་འཁོད་པའི་གོས་དར་ཞིག་མི་དམངས་མང་ཚོགས་ཀྱིས་ཁ་རུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་གཉིས་པའི་གྱོད་སྒྲུབ་ཚོགས་པར་སྐྱེལ་བར་འོང་སྟེ། ཞིབ་དཔྱོད་ལས་དོན་པར་བསྔགས་བརྗོད་བྱས་པ་རེད།

    2023ལོའི་ཟླ་གསུམ་པར་རྡོ་ཆེ་གེ་མོ་སོགས་མི་91དབྱང་ཆེ་གེ་མོས་འགན་གཙང་བླངས་པའི་ཆབ་མདོ་ཁ་རུབ་ཆུས་གཡེར་སྟོད་གྲོང་ཚོ་དང་། རྩེ་དུང་ཐང་། ཆབ་མདོ་ས་ཁུལ་བཅས་ཀྱི་སྔོ་སྒྱུར་ལས་ཀར་ཞུགས་སུ་བཅུག་པ་དང་། ངལ་ལས་འབྲེལ་བ་མཇུག་འགྲིལ་ཡང་དབྱང་ཆེ་གེ་མོས་ཁ་ཆད་བཞིན་གླ་ཆ་རྩིས་བརྒྱབ་མེད་པར་བརྟེན། ཞིང་པ་ལས་མི་91གིས་གླ་ཆ་ལོ་གཅིག་ལྷག་ཙམ་སྒུག་དགོས་བྱུང་།

    ཁ་ཚ་དགོས་གཏུགས་ཀྱི་དམངས་འཚོའི་གནད་དོན་ལ་དམིགས་ནས། ཁ་རུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་དམངས་དོན་ཞིབ་དཔྱོད་ལྟ་སྐུལ་གྱི་འགན་ནུས་ལ་བརྟེན་ནས་འགན་གཙང་ལེན་མཁན་ཕྱོགས་དང་འབྲེལ་ཡོད་ཚན་པས་ཞུ་གཏུག་ལས་དོན་ལ་རྒྱབ་སྐྱོར་ཡོང་བའི་མཐུན་སྦྱོར་ཧུར་ཐག་བྱས་པ་དང་། ཞིབ་དཔྱོད་པུའུ་གཉིས་པའི་གྱོད་སྒྲུབ་ཚོགས་པའི་འབད་བརྩོན་ལ་བརྟེན་ནས་མཐར་རྡོ་ཆེ་གེ་མོ་སོགས་ཞིང་པ་ལས་མི་91གི་གླ་ཆ་སྒོར་ཁྲི་462ལྷག་ཙམ་ཁྲིམས་བཞིན་ཚུར་ལེན་ཐུབ་པ་བྱུང་ཡོད།

    དམངས་འཚོའི་བྱ་བ་ཆུང་ཙག་མིན་པས། གླ་ཆ་འགྱངས་ཆད་ཀྱི་གནད་དོན་དེ་ངལ་རྩོལ་པའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། གྱོད་གཞི་བདེ་བླག་ངང་ཐག་གཅོད་ཐུབ་པ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་ལ་རྒྱབ་སྐྱོར་བྱས་ནས་ཉམས་ཞན་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པའི་མཚོན་ཚུལ་ཞིབ་ཕྲ་ཞིག་ཡིན་ལ། ཁ་རུབ་ཆུས་ཞིབ་དཔྱོད་ཁང་གིས“དམངས་འཚོར་ཞིབ་བཤེར་དང་སྲུང་སྐྱོང་བྱེད་པའི”ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།