དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས།

    ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ལ་འགོག་ཟོན་བྱེད་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་ནང་དོན་གྲོང་ཚོར་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-30

    འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས་གྲོང་མིར་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ལ་འགོག་ཟོན་བྱེད་པའི་བཅའ་ཁྲིམས་ཁྱབ་གདལ་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    ཉེ་ཆར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ལྕང་ར་ཤར་ཤང་དུ“དངུལ་ཁུག་ལ་བདག་པོ་བརྒྱབ་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་སྲུང”ཞེས་པའི་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ལ་འགོག་ཟོན་བྱེད་པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ཀྱི་ནང་དོན་དང་། རྒྱུན་མཐོང་གི་གཡོ་ཐབས། བཅའ་ཁྲིམས་ཀྱི་ངོ་བོ་བཅས་དང་དེ་བཞིན་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ལ་བཀག་འགོག་བྱེད་ཐབས་སོགས་ཕྱོགས་བཞིའི་ཐད་ནས་གོ་བདེ་དོན་ཟབ་ཀྱིས་ས་གནས་དེའི་མང་ཚོགས་དང་ལྷག་པར་དུ་རྒན་རྒོན་ལ་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཤེས་བྱ་ངོ་སྤྲོད་བྱས་ཏེ། མང་ཚོགས་ལ་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ཀྱི་ཉེན་ཁར་ངོས་འཛིན་དང་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ཀྱི་བྱེད་སྤྱོད་རང་རྟོགས་ངང་བཀག་འགོག་བྱས་ཏེ་རང་ཉིད་ཀྱི་དངུལ་ཁུག་ལ་བདག་པོ་ཡག་པོ་རྒྱག་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གི་ལས་དོན་པས། གོམ་སྟབས་རྗེས་མར་འདྲི་གཅོད་ཀྱི་འགན་ནུས་ལ་གཞི་ཚུགས་ཏེ་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ཀྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ཀྱི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་མུ་མཐུད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་དངུལ་ཁུག་ལ་བདག་པོ་ཡག་པོ་བརྒྱབ་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་སྲུང་ཐུབ་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།