ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་བཟོ་བ།
“གཞོན་ནུ་ལོ་ཆུང་གི་རྣམ་པ”ནི་དྲ་རྒྱའི་ཉེན་ཁ་འགོག་པའི་གྱང་ལྟ་བུ་ཡིན་ཞིང་། དེས་ན་སོ་དར་ལ་མ་བབས་པའི་མིའི་དྲ་ཞུགས་ཀྱི་དུས་མཚམས་དང་། དུས་ཡུན། ནང་དོན་སོགས་ལ་ཚད་བཀག་བཟོ་གི་ཡོད། འོན་ཀྱང་། ཁྲིམས་འགལ་གྱི་APPཁ་ཤས་ཀྱིས“ཚོགས་མིས་ལོངས་སྤྱོད་ཆོག་པའི་ཁེ་དབང”སྤྱད་དེ“གཞོན་ནུ་ལོ་ཆུང་གི་རྣམ་པ”ལས་གཡོལ་བའི་ཚོང་རྒྱག་པ་དང་། “དབྱིངས་ལ་མི་ཞུགས་པ་བྱེད་པའི”མ་ལག་དེ་རྣམ་པ་ཙམ་ལ་བརྩིས་ཏེ། དེ་ལས་ཁེ་ཕན་རགས་ཐབས་བྱེད་ཀྱི་ཡོད། མིག་སྔར་དབྱར་ཁའི་གུང་གསེང་འཁེལ་བས། ཁྱིམ་བདག་དང་ཐ་ན་སྤྱི་ཚོགས་ཡོངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་དྲ་ཞུགས་ཀྱི་དུས་མཚམས་དང་། དུས་ཡུན། ནང་དོན་སོགས་ལ་དོ་སྣང་མང་ཙམ་བྱས་ནས་ཁོ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་མཐུན་རྐྱེན་སྐྲུན་དགོས།