བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་ཆེད་ལས་ཀྱི་དམག་ཧྲག་འགྲན་རྩོད་སྐབས་དང་པོ་གཉེར་བ།
དམག་ཧྲག་འགྲན་རྩོད་ཀྱི་འགོ་ཚུགས་མཛད་སྒོ་ཡིན་པ།
ས་ཡོམ་རོགས་སྐྱོབ་ཀྱི་དམག་ཧྲག་ཞུས་ཁྲུང་གིས་སོ་མེད་སོག་ལེ་བཀོལ་སྤྱོད་བྱེད་བཞིན་པ།
མེ་གསོད་རོགས་སྐྱོབ་ཀྱི་དམག་ཧྲག་སུའུ་ཏེ་ཁྲའོ་ཡིས“5·31”མེ་གསོད་རོགས་སྐྱོབ་ལ་ཞུགས་བཞིན་པ།
འདི་ནི་ལྗིད་ཐེག་སྤྱི་ལེ་ལྔའི་ཀླུང་ཐང་གི་འགྲན་བསྡུར་བྱ་ཡུལ་ཡིན་པ།
ཉེ་ཆར་བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་གྱི་ཕྱི་རོལ་སྦྱོང་བརྡར་ཐང་དུ་ཆེད་ལས་ཀྱི་དམག་ཧྲག་འགྲན་རྩོད་སྐབས་དང་པོ་བྱས་ཤིང་། སྤྱི་ཁྱབ་རུ་ཁག་ཡོངས་ནས་ཡོང་བའི་སྦྱོང་བརྡར་རྩེ་གྲའི་དམག་མི་དང་རོགས་སྐྱོབ་མཁས་ཅན་རྣམས་མཉམ་དུ་འཛོམས་ནས་མེ་གསོད་རོགས་སྐྱོབ་དང་། ས་ཡོམ་རོགས་སྐྱོབ། ཆུ་ཁོངས་རོགས་སྐྱོབ། རི་ཀླུང་རོཌ་སྐྱོབ་བཅས་ཆེད་ལས་4ཡི་སློབ་ཚན་17ལ་དམིཌ་ནས་འགྲན་བསྡུར་དྲག་པོ་བྱས་ཏེ། དམག་ཧྲག་འགྲན་རྩོད་ཀྱི་གསོལ་སྟོན་རྒྱས་པོ་ཤིག་བཤམས་པ་རེད།
ཐེངས་འདིའི་ཆེད་ལས་ཀྱི་དམག་ཧྲག་འགྲན་རྩོད་བྱེད་རིང“ཆེད་ལས་ཅན་དང་ལས་རིགས་ཅན”འཕེལ་རྒྱས་ཀྱི་བླང་བྱར་དམིགས་ཤིང་། ཕྱི་རོལ་སྦྱོང་བརྡར་ཐང་སྤྱད་དེ་རོགས་སྐྱོབ་བྱེད་རིང་རྙོག་འཛིང་ཆེ་བའི་གནས་ཚུལ་སྣ་ཚོགས་འཕྲད་ཁུལ་གྱིས། དཔྱད་ཞིབ་བྱ་ཡུལ་སྒར་ཁུལ་ནས་ཕྱི་རོལ་དུ་སྤོས་པ་དང་རྒྱུས་མངའ་ཡོད་པའི་ས་ཆ་ནས་རྒྱུས་མངའ་མེད་པའི་ས་ཁོངས་སུ་སྤོས་ཏེ། དངོས་འཐབ་དང་ཆ་འདྲ་བའི་ཆ་རྐྱེན་འོག་འགྲན་བསྡུར་ནང་ཞུགས་མཁན་བཀོད་འདོམས་པ་དང་འཐབ་འཛིང་པའི་ཟུངས་ནུས་དང་། རིག་ནུས། རྩལ་ནུས་བཅས་ཀྱི་ཆུ་ཚད་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཁར། “འཆད་སྟེགས་ཐོག་ཏུ་སྐྱོད་ཐུབ་པ་དང་། ལུས་རྩལ་ཐང་དུ་ཁྲིད་ཐུབ་པ། སྒྲིག་ཆས་བཟོ་བཅོས་བྱེད་ཐུབ་པ། གཡུལ་ས་དངོས་ལ་སྐྱོབ་ཐུབ་པ”བཅས་ཀྱི་ཉམས་སད་ཐེག་པའི་ཆེད་ལས་རྐང་འཛིན་དཔུང་ཁག་གསོ་སྐྱོང་བྱས་པ་རེད།
ཉིན་གསུམ་རིང་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད། དམིགས་བསལ་ཞབས་འདེགས་རུ་ཆེན་གྱི་རུ་འབྲིང་དང་པོའི་པན་ཀྲང་སུའུ་ཏེ་ཁྲའོ་ལ་མེ་གསོད་རོགས་སྐྱོབ་དམག་ཧྲག་འགྲན་རྩོད་ཀྱི་ཨང་དང་པོ་ཐོབ་པ་དང་། ཆབ་མདོ་ཉིང་ལག་རུ་ཁག་ཁ་རུབ་ཆུས་རུ་འབྲིང་གི་པན་ཀྲང་ཞུས་ཁྲུང་ལ་ས་ཡོམ་རོགས་སྐྱོབ་དམག་ཧྲག་གི་མཚན་སྙན་ཐོབ་པ། ཉིང་ཁྲི་ཡན་ལག་རུ་ཁག་བྲག་ཡིབ་རུ་འབྲིང་གི་པན་ཀྲང་ཡན་པིན་ལ་ཆུ་ཁོངས་རོགས་སྐྱོབ་དམག་ཧྲག་གི་མཚན་སྙན་ཐོབ་པ། དམིགས་བསལ་ཞབས་འདེགས་རུ་ཆེན་རུ་འབྲིང་དང་པོའི་རུ་དཔོན་གྱི་ལས་རོགས་ལི་ཅུན་ཧྥེ་ལ་རི་ཀླུང་རོགས་སྐྱོབ་དམག་ཧྲག་གི་མཚན་སྙན་ཐོབ་པ་རེད།