དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་ས་ཁུལ་དུག་འགོག་ཉིང་ལག་རུ་ཁག་གིས་དབྱར་དུས་ཀྱི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-30

    དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། དབྱར་དུས་ཀྱི་བདེ་འཇགས་སྐོར་བཤེར་གྱི་དྲིལ་བསྒྲགས་གཅིག་སྡུད་གཅིག་གྱུར་བྱ་སྤྱོད་ཀྱི་སྤུས་ཚད་དང་ཕན་འབྲས་ལ་སྐུལ་འདེད་གཏོང་བ། དུག་འགོག་དྲིལ་བསྒྲགས་ལ་སྔར་བས་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་འགོག་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་མངའ་རིས་ས་ཁུལ་དུག་འགོག་ཉིང་ལག་རུ་ཁག་གིས“སྐོར་བཤེར་དང་དུག་འགོག་དྲིལ་བསྒྲགས”ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། སེང་གེ་ཁ་འབབ་གྲོང་རྡལ་གྱི་ཞང་ཞུང་རིག་གནས་ཐང་ཆེན་དུ“སྨན་རྫས་གང་བྱུང་དུ་སྤྱོད་པར་འགོག་ཟོན་བྱས་ནས་བདེ་ཐང་གི་འཚོ་བར་རོལ”ཞེས་པའི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོར་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་ཆ་200ལྷག་ཙམ་སྤྲད་པ་དང་། མང་ཚོགས་བློ་འདྲི་བྱེད་མཁན་མི་ཐེངས་27གྱི་དོགས་འདྲི་བསལ་བས། རྒྱ་ཆེའི་མང་ཚོགས་ཚོས་སྨན་གང་བྱུང་དུ་སྤྱད་ན་གནོད་འཚེ་ཆེན་པོ་ཡོད་པར་ངོས་འཛིན་གཏོང་ཟབ་བྱུང་བ་དང་འགོག་ཟོན་གྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། མངའ་རིས་ས་ཁུལ་དུག་འགོག་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་དུག་འགོག་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱེད་པ། དྲིལ་བསྒྲགས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་དམངས་ཡོངས་ཀྱི་དུག་འགོག་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་དུས་བདེའི་མངའ་རིས་དང་ཞི་མཐུན་མངའ་རིས་གཏོད་པར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།