དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྒར་རྫོང་སྤྱི་བདེ་ཅུས་ཀྱིས་དབྱར་དུས་ཀྱི་མཚན་མོར་སྐོར་ཞིབ་དྲིལ་བསྒྲགས་དང་སྔོན་འགོག་གི་གཅིག་སྡུད་གཅིག་གྱུར་གྱི་བྱ་སྤྱོད་ཐེངས་དང་པོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-30

    དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ཁོར་ཡུག་རྒྱུན་མཐུད་གཙང་སེལ་བྱེད་པ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བདེ་སྣང་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱ་ཆེད། ཉེ་ཆར་སྒར་རྫོང་སྤྱི་བདེ་ཅུས་ཀྱིས་དབྱར་དུས་ཀྱི་མཚན་མོར་བདེ་འཇགས་སྐོར་ཞིབ་དྲིལ་བསྒྲགས་དང་སྔོན་འགོག་གི་གཅིག་སྡུད་གཅིག་གྱུར་གྱི་བྱ་སྤྱོད་ཐེངས་དང་པོ་སྤེལ་བ་རེད།

    བྱ་སྤྱོད་སྤེལ་རིང་། སྒར་རྫོང་སྤྱི་བདེ་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ཁུལ་དང་ས་ཁོངས་སུ་བསྐྱོད་ནས་གཙང་བཤེར་ཞིབ་ཚགས་བྱས་ཏེ“ཁག་ལྔ་དང་། དོཌ་ཟོན་ནན་པོ་ལྔ། འགན་ལེན་གསུམ”བཅས་ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱ་ཆེད། འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ་རེད། མང་ཚོགས་སྤྲོ་གསེང་རོལ་རྩེད་བྱེད་ས་དང་མཚན་ཁྲོམ་སོགས་མི་ཚོགས་མང་སར་གཅིག་སྡུད་དྲིལ་བསྒྲགས་སྔོན་འགོག་ས་ཚིགས་3བཙུགས་ནས་མང་ཚོགས་ཀྱིས“ཤེས་སླ་བ་དང་བློ་ལ་ངེས་སླ་བའི”བྱེད་ཐབས་སྤྱད་ནས་རྐུ་འགོག་དང་། བསླུ་འགོག དུག་འགོག འགལ་རྩོད་སྔོན་འགོག བདེ་འཇགས་ཀྱི་གནོད་འཚེའི་ལས་འཛོལ་སྔོན་འགོག་སོགས“སྔོན་འགོག་ལྔའི”ལས་དོན་སྤེལ་བ་དང་། ལོག་ཆོས་ལ་ངོ་རྒོལ་དང་། ཆུར་དིམ་སྔོན་འགོག དཔལ་འབྱོར་ཉེས་གསོག་སྔོན་འགོག འགྲིམ་འགྲུལ་བདེ་འཇགས་སོགས་ནང་དོན་གཙོ་བོར་བྱས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་སྤྱི་དམངས་ཀྱི་བདེ་འཇགས་དོགས་ཟོན་འདུ་ཤེས་ཟབ་ཏུ་བཏང་བ་མ་ཟད། མཚན་མོའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་བདེ་སྲུང་བ་ཡག་པོ་ཞིག་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱ་སྤྱོད་ནང་། ཁྱོན་འདུ་འཛོམས་བྱེད་ས་378གྲལ་བཤེར་དང་། འདུ་འཛོམས་བྱེད་མང་བའི་གནས་22ལ་སྐོར་ཞིབ། མངོན་མེད་རྐྱེན་ངན་40གྲལ་བཤེར་དང་བཅོས་སྒྲིག གཅིག་སྡུད་དྲིལ་བསྒྲགས་ས་ཚིགས་3བཀོད་སྒྲིག དྲིལ་བསྒྲགས་དཔྱད་ཡིག་150སྤྲད་པ་བཅས་བྱས་པས། མང་ཚོགས་མི་ཐེངས་300ལ་སློབ་གསོ་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།