དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • 2024ལོའི་ཁྲིམས་རྒྱུགས་གཞན་དབང་ཅན་གྱི་དྲི་གཞིའི་བོད་ལྗོངས་རྒྱུགས་ཁུལ་ལ་དྲ་ཐོག་ནས་མིང་ཐོ་འགོད་མཁན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-23

    ཁྲིམས་འཛིན་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱིས་ཟླ་6ཚེས་14ཉིན་ནས་2024ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཀྱི་འོས་ཐོབ་ཡིག་རྒྱུགས་ཀྱི་གཞན་དབང་ཅན་གྱི་དྲི་གཞིའི་ཡིག་རྒྱུགས་ལ་དྲ་ཐོག་ནས་མིང་ཐོ་འགོད་པའི་ལས་དོན་སྤེལ་འགོ་བཙུགས་པ་རེད། གསར་འགོད་པས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱས་པར། ཟླ་7ཚེས་5ཉིན་བར། བོད་ལྗོངས་རྒྱུགས་ཁུལ་ལ་དྲ་ཐོག་ནས་མིང་ཐོ་འགོད་པ་དང་ཡིག་རྒྱུགས་ཀྱི་གྲོན་དངུལ་སྐྱེལ་མཁན་3700ཟིན་ནས་2023ལོ་ལས་13.8%འཕར་ཡོད་པ་དེས་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཀྱི་འོས་ཐོབ་ཡིག་རྒྱུགས(བོད་ལྗོངས་རྒྱུགས་ཁུལ)ལ་མིང་ཐོ་འགོད་མཁན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།