དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་ཆུང་སྡེ་ཁུལ་གྱིས།

    འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་བཞག་པ་ཆེད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-23

    ལས་དོན་མི་སྣས་མཉམ་སྤྱོད་རྐང་འཁོར་འཇོག་བཞིན་པ།

    ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་ཆུང་སྡེ་ཁུལ་དུ་སྐྱོད་སྐབས་དེ་གར་འཕྲུལ་སྒུལ་མིན་པའི་འཁོར་རིཌ་གང་བྱུང་དུ་བཞག་པ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བཞིན་པ་མཐོང་བྱུང་།

    གཅིག་སྡུད་བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་། དྲ་མིག་ལས་དོན་མི་སྣས་ཁོངས་གཏོཌ་ཁུལ་གྱི་མཉམ་སྤྱོད་རྐང་འཁོར་འཇོག་ས་ཁག་ལ་རྩད་ཞིབ་བྱས་པ་རེད། གསར་འགོད་པར་ཤེས་རྟོཌ་བྱུང་བར་གཞིཌ་ན། འཕྲུལ་སྒུལ་མིན་པའི་འཁོར་རིཌ་གང་བྱུང་དུ་བཞག་པའི་གནས་ཚུལ་ལ་དམིགས་ཏེ་ལས་དོན་མི་སྣས་འཁོར་རིགས་རེ་རེ་བཞིན་གཏན་འཁེལ་གྱི་ས་ཆར་སྤོས་པ་རེད། དག་ཐེར་བྱས་པ་བརྒྱུད། གྲོང་མིར་གཙང་ཞིང་གྲལ་འགྲིག་པའི་ཁོར་ཡུག་གཏོད་པ་དང་། ཁོངས་གཏོཌ་ཁུལ་གྱི་འཕྲུལ་སྒུལ་མིན་པའི་འཁོར་རིགས་འཇོག་པའི་སྒྲིག་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། དུས་ཡུན་རིང་པོའི་ནང་གྲོང་མིས་འཁོར་རིགས་གང་བྱུང་དུ་འཇོག་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།

    གྲོང་མི་ལྷག་པ་བཀྲ་ཤིས་ཀྱིས“སྡེ་ཁུལ་གྱི་ལས་དོན་མི་སྣ་དཀའ་ལས་ཁག་སོང་། ཁོར་ཡུག་ལེགས་སུ་ཕྱིན་པ་མཐོང་སྐབས་ང་ཚོར་མཉམ་དུ་སྲུང་སྐྱོང་བྱེད་པའི་འགན་འཁྲི་དེ་བས་ཡོད”ཅེས་བརྗོད། ཚང་མས་མཉམ་དུ་ཞི་མཐུན་སྡེ་ཁུལ་འཛུགས་གཏོད་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།