ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས།
གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སྐོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
དང་བླངས་པ་དང་རུ་འབྲིང་གི་བཀོད་འཐབ་པས་མང་ཚོགས་ལ་དྲིལ་བསྒྲགས་ཡིག་རིགས་སྤྲོད་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས་ཏང་གི་བརྗོད་དོན་གཙོ་བོའི་ཉིན་མོའི་བྱེད་སྒོ་སྤེལ་བའི་སྐབས་དང་བསྟུན་ཏེ། “མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་མི་ཚང་མས་འཕྲལ་སྡོམ་བྱེད་ཤེས་པར་བྱས་ནས། གཞི་རིམ་གྱི་གནོད་འཚེ་སྔོན་འགོག་དང་ཉེན་གཡོལ་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། འཇོ་མདའ་རུ་འབྲིང་གིས་འཇོ་མདའ་རྫོང་འཕྲལ་སྡོམ་ཅུས་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ། རྫོང་མེ་གསོད་རུ་ཆེན་སོགས་ཚན་པ་དང་སྡེ་ཚན་14དྲིལ་བསྒྲགས་བྱེད་སྒོར་ཞུགས་པར་གདན་དྲངས་པ་རེད།