ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གིས།
ཅུན་ཧྲིའི་སྔོན་འདེམས་དང་གོ་གནས་སྤོར་བའི་གཅིག་སྡུད་སྦྱོང་བརྡར་ལས་དོན་ཏན་ཏིག་བསྒྲུབས་པ།
འདི་ནི་མཉམ་སྡེབ་སྦྱོར་བརྡར་བྱ་ཡུལ་ཡིན་པ།
འདི་ནི་ཐོན་ཤོག་དེའི་ཅུན་ཧྲིའི་སྔོན་འདེམས་དང་གོ་གནས་སྤོར་བའི་གཅིག་སྡུད་སྦྱོང་བརྡར་བྱ་ཡུལ་ཡིན་པ།
ཅུན་ཧྲིའི་སྔོན་འདེམས་དང་གོ་གནས་སྤོར་བའི་གཅིག་སྡུད་སྦྱོང་བརྡར་ལས་དོན་ཏན་ཏིག་སྒྲུབ་པ་དང་ཅུན་ཧྲི་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གིས་2024ལོའི་ལོ་འཁོར་གྱི་ཅུན་ཧྲིའི་སྔོན་འདེམས་དང་གོ་གནས་སྤོར་བའི་གཅིག་སྡུད་སྦྱོང་བརྡར་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
སྐུལ་སློང་ཚོགས་ཆེན་ཐོག་ཐོན་ཤོག་དེའི་འགོ་འཛིན་གྱིས“‘སློབ་ཁྲིད་དང་། སློབ་སྦྱོང་། སྦྱོང་བརྡར’གཞི་གཅིག་གི་ཅུན་ཧྲི་ཇི་ལྟར་གསོ་སྦྱོང་བྱེད་དགོས་པར”དམིགས་ནས་སློབ་ཚན་དང་པོ་འཚོགས་པ་དང་། རྩལ་ཁྲིད་པ་ཡོངས་ཀྱིས་ངེས་པར་དུ་རྩ་འཛིན་ལྟར་སྦྱོང་བརྡར་དང་། ཚན་རིག་དང་མཐུན་པར་སྦྱོང་བརྡར། སྦྱོང་བརྡར་ནན་པོ་བཅས་བྱེད་དགོས་པ་ཁ་གསལ་བཏོན་ཏེ། སྦྱོང་བརྡར་ནང་ཞུགས་མཁན་དམག་མི་ཡོངས་ལ་ཞིབ་ཕྲའི་བླང་བྱ་དང་རེ་བ་ནན་པོ་བཏོན་ཡོད།
གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་སྡུད་སྦྱོང་བརྡར་གྱི་བརྒྱུད་རིམ་ཧྲིལ་པོར་བཀག་སྡོམ་རྣམ་པ་དང་ལན་ཤོག་ཅན་གྱི་དོ་དམ་བྱེད་སྟངས་སྤྱད་དེ་ཉིན་གཅིག་གི་འཚོ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཡོད། སྦྱོང་བརྡར་ནང་ཞུཌ་མཁན་དམག་མིས་འབྱོར་ཐོ་འགོད་པའི་ཉིན་དེ་རང་དུ་དམག་གི་ཀུན་སྤྱོད་དང་སྒྲིག་ཁྲིམས་ཞིབ་བཤེར་དང་། ནང་ཁུལ་ལས་དོན་ཚད་ལྡན་བཀོད་སྒྲིག སྒར་སའི་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་འབྲེལ། མཉམ་སྡེབ་སྦྱོང་བརྡར་རུ་ཁག་གི་དོ་དམ་གཏན་འབེབས་མཉམ་དུ་སློབ་སྦྱོང་བྱས་ཏེ་ཚད་ལྡན་གྱི་སྒྲིག་ལམ་དང་སྒྲིག་ཁྲིམས་ནན་པོ་བརྒྱུད་སྦྱོང་བརྡར་ནང་ཞུགས་མཁན་མི་སྣའི་བསམ་བློ་གཅིག་གྱུར་བྱས་ཏེ། སྤྱོད་ཚུལ་བཟང་པོ་སྦྱོང་བརྡར་བྱེད་པ་མཉམ་སྡེབ་སྦྱོང་བརྡར་གྱི་ཕན་འབྲས་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་མཐའ་འཁྱོངས་བྱས་པ་རེད།