དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གཙང་རལ་སྡེ་ཁུལ་གྱིས།

    རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་བཅོས་སྒྲིག་བྱ་སྤྱོད་ཆེན་པོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-23

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གཙང་རལ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་གྲོང་སྡོད་ལས་དོན་རུ་ཁག་དང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལས་ཁུངས་ཀྱི་ཏང་ཀྲི་པུའུ། སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་བཅས་དང་མཉམ་འབྲེལ་གྱིས་ལས་ཐོག་ཏང་ཡོན“འབྱོར་ཐོ་གཉིས·ཞབས་འདེགས་གཉིས”ཀྱི་དང་བླངས་ཞབས་ཞུའི་ལས་སྟེགས་གཞི་རྟེན་དུ་བྱས་ཏེ། ལས་ཐོག་ཏང་ཡོན་དང་དྲ་མིག་ཅན་གྱི་ལས་དོན་པ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་པ། “གཉིས་ལྡན་དུད་སྦྲེལ”སྤྱི་མི་བཅས་ཁྱོན་མི་གྲངས་60ལྷག་ཙམ་སྒྲིག་འཛུགས་བྱས་ནས། ཁྲེང་ཀོན་མེ་ཏོག་ལྡུམ་རའི་Cཁུལ་སོགས་སུ་བསྐྱོད་དེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་བཅོས་སྒྲིག་བྱ་སྤྱོད་ཆེན་པོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱ་སྤྱོད་སྤེལ་བ་ལས་ཁོངས་གཏོགས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་སྡོད་མལ་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་། སྡེ་ཁུལ་གྱིས་གྲོང་མིའི་འཚོ་བར་སེམས་ཁུར་གང་ལེགས་བྱེད་པ་མཚོན་པ་མ་ཟད། ད་དུང་རང་རྟོགས་ངང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ཚང་མའི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། གྲོང་མི་བསྟན་འཛིན་སྒྲོལ་དཀར་གྱིས“ཁྲོམ་གཞུང་དང་ཁུལ་ཆུང་མཐའ་འཁོར་གྱི་གཙང་སྦྲ་དོད་དུ་ཕྱིན་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེས་ང་ཚོའི་འཚོ་བའི་སྤུས་ཚད་ཇེ་མཐོར་སོང་བས་དངོས་འབྲེལ་མོས་བསྟོད་བྱེད་འོས་པ་ཞིག་རེད”ཅེས་བཤད། གྲོང་མི་བསམ་གཏན་གྱིས“ཁོར་ཡུག་གཙང་སྦྲ་ལེགས་སུ་ཕྱིན་པས་སེམས་པ་ཧ་ཅང་སྐྱིད་པོ་འདུག བཅོས་སྒྲིག་བྱ་སྤྱོད་དེ་རིགས་རྒྱུན་མཐུད་སྤེལ་རྒྱུའི་རེ་བ་ཡོད་ལ་ཚང་མས་འབད་བརྩོན་བྱས་ནས་ང་ཚོའི་སྡེ་ཁུལ་གྱི་གཙང་སྦྲ་སྔར་བས་ལེགས་སུ་གཏོང་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།