དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • དབྱར་གསེང་སྐྱེལ་འདྲེན་རིང“གནམ་གྲུའི་སྤ་སེ་སྒྱུར་སློག”གི་གཡོ་ཇུས་ཇི་ལྟར་ཤེས་རྟོགས་བྱེད་དགོས་སམ།

    དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱི་ལས་དོན་མི་སྣས་ལན་ཞིབ་ཕྲ་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-23

    དབྱར་གསེང་སྐྱེལ་འདྲེན་སླེབས་པ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཞིང་། ཉེ་བའི་ལོ་ཤས་རིང“གནམ་གྲུའི་སྤ་སེ་སྒྱུར་སློག”གི་གཡོ་ཇུས་ཡང་ཡང་ཐོན་གྱི་ཡོད་ལ། དེའི་རྐྱེན་གྱིས་འགྲུལ་པ་མང་པོ་ཞིག་ལ་དཔལ་འབྱོར་གྱི་གྱོང་གུན་མི་ཉུང་བ་ཞིག་ཕོག་གི་ཡོད། འོ་ན“གནམ་གྲུའི་སྤ་སེ་སྒྱུར་སློག”གི་གཡོ་ཇུས་ལ་ང་ཚོས་ཁ་གཏད་ཇི་ལྟར་གཅོག་དགོས་སམ།

    དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱི་ལས་དོན་མི་སྣ་ཀྲོའུ་ཧང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “གནམ་གྲུའི་སྤ་སེ་སྒྱུར་སློག”གི་གཡོ་ཇུས་ནི་ཁྲིམས་འགལ་བས་ཁྲིམས་འགལ་གྱི་གཡོ་ཐབས་བརྒྱུད་འགྲུལ་པས་སྤ་སེ་མངགས་པའམ་ཉོས་པའི་ཆ་འཕྲིན་རག་རྗེས་མཁའ་འགྲུལ་ཀུང་སིའམ་ཡང་ན་OTA(དྲ་ཐོག་ཡུལ་སྐོར་ལས་དོན་ཁང)ཡི་ཞབས་ཞུ་བར་བརྫུས་ནས་དུས་གཏན་གནམ་གྲུ་ནར་འགྱངས་དང་མེད་པ་བཟོས་པའམ་ཡང་ན་སྒྱུར་སློག་ལ་ཁ་གཡར་ནས་རང་འགུལ་ངང་འགྲུལ་པར་འབྲེལ་གཏུག་བྱེད་པ་དང་འབྲེལ་གྲོན་དངུལ་ཕྱིར་སློག་གམ་ཡང་ན་སྐྱིན་ཚབ་འཇལ་བའི་ཆ་འཕྲིན་རྫུན་མ་མཁོ་འདོན་བྱེད་ཀྱི་ཡོད། བརྒྱུད་རིམ་དེའི་ནང་མགོ་སྐོར་གཏོང་མཁན་གྱིས་ཡུལ་སྐོར་བར་དམིགས་འཛུགས་ཀྱི་APPཕབ་ལེན་དང་བརྙན་ཤེལ་མཉམ་སྤྱོད་བཀོལ་སྤྱོད་བྱེད་དུ་བཅུག་སྟེ་མི་སྒེར་གྱི་ཆ་འཕྲིན་དང་མ་དངུལ་རྐུ་གི་ཡོད།

    སྤྱིར་བཏང་གི་གནས་ཚུལ་འོག“གནམ་གྲུའི་སྤ་སེ་སྒྱུར་སློག”གཡོ་ཇུས་ཀྱི་གནོད་འཚེ་ཕོག་མཁན་ལ་འཕྲད་པའི་གནས་ཚུལ་ཧ་ཅང་འདྲ་པོ་ཡོད་པ་སྟེ། ཁ་བསླུས་རྒྱག་མཁན་གྱིས་མཁའ་འགྲུལ་ཀུང་སིའི་ཞབས་ཞུ་བར་བརྫུས་ནས་ཁ་པར་རམ་ཡང་ན་འཕྲིན་ཐུང་བརྒྱུད་དུས་གཏན་གནམ་གྲུ་ནར་འགྱངས་དང་། མེད་པ་བཟོས་པའམ་ཡང་ན་སྒྱུར་སློག་སོགས་ཀྱི་གནས་ཚུལ་ཐོན་སོང་ཞེས་བརྗོད་ཀྱི་ཡོད། ཁོང་ཚོས་གནོད་འཚེ་ཕོག་མཁན་གྱི་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། དུས་གཏན་གནམ་གྲུའི་ཆ་འཕྲིན་སོགས་ནོར་འཁྲུལ་མེད་པར་བརྗོད་དེ་གནོད་འཚེ་ཕོག་མཁན་གྱི་ཡིད་ཆེས་ཐོབ་ཐབས་བྱེད་ཡོད། ཁ་བསླུས་རྒྱག་མཁན་གྱིས་རྒྱུན་དུ་རང་འགུལ་ངང་གནོད་འཚེ་ཕོག་མཁན་ལ་སྐྱིན་ཚབ་སྤྲོད་པའམ་ཡང་ན་ཁ་གསབ་ངེས་ཅན་ཞིག་སྤྲོད་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད། དེ་ནས་རྩིས་ཐོའི་ཆ་འཕྲིན་ར་སྤྲོད་དང་སྐྱིན་ཚབ་འཇལ་བའི་ཐབས་ལམ་ཤར་གཏོང་སོགས་ལ་ཁ་གཡར་ནས་གནོད་འཚེ་ཕོག་མཁན་ལ་བརྙན་ལམ་ཚོགས་འདུའི་རིགས་ཀྱི་APPཕབ་ལེན་བྱེད་པའམ་ཡང་ན་བརྙན་ལམ་མཉམ་སྤྱོད་བྱས་ཏེ་གནོད་འཚེ་ཕོག་མཁན་གྱི་དངུལ་ཁང་བྱང་བུའི་ཨང་གྲངས་དང་། གསང་བའི་ཨང་རྟགས། ར་སྤྲོད་ཨང་གྲངས་སོགས་ཀྱི་ཆ་འཕྲིན་ལྐོག་ལེན་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཁ་བསླུས་རྒྱག་མཁན་གྱིས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་གནོད་འཚེ་ཕོག་མཁན་ལ་རྩིས་ཁྲ་སྒྱུར་དུ་འཇུག་གི་ཡོད།

    འགྲུལ་པས་གནམ་གྲུའི་སྤ་སེ་མ་ཉོས་གོང་མཁའ་འགྲུལ་ཀུང་སིའི་སྒྱུར་ལོག་སྲིད་ཇུས་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་དགོས། དེ་ལྟར་བྱས་ན་སྒྱུར་སློག་གི་གནས་ཚུལ་འཕྲད་སྐབས་ཁ་གཏད་ཡང་དག་གཅོག་ཐུབ། གལ་ཏེ་གཟབ་ནན་མ་བྱས་པར་མགོ་སྐོར་ཐེབས་པའམ་ཡང་ན་དོགས་ཡོད་གནས་ཚུལ་འཕྲད་ཚེ་འབྲེལ་ཡོད་དཔང་རྟགས་ཉར་ཚགས་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དཔེར་ན། ཁ་པར་གྱི་ཟིན་ཐོ་དང་། ཆ་འཕྲིན་གྱི་ནང་དོན། དངུལ་བསྒྱུར་བའི་ཟིན་ཐོ་སོགས་ཉར་དགོས་པ་དང་། གང་མགྱོགས་110རམ་ཡང་ན་96110ལ་ཁ་པར་བརྒྱབ་ནས་བློ་འདྲི་བྱེད་དགོས། ཉེན་རྟོག་ཕྱོགས་ཀྱིས་གནས་ཚུལ་ལ་གཞིགས་ནས་བརྟག་དཔྱད་བྱེད་པ་དང་འབྲེལ་འགྲུལ་པར་གང་ཐུབ་ཅི་ཐུབ་ཀྱིས་གྱོང་གུན་མ་ཕོག་པ་བྱེད་སྲིད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།