དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས།

    2024ལོའི་ལོ་སྟོད་ཀྱི་ཉེས་དོན་གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་དོ་བདག་ལ་སློག་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-23

    འདི་ནི་བརྐུས་དངོས་ཕྱིར་སློག་བྱ་ཡུལ་ཡིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་2024ལོའི་ལོ་སྟོད་ཀྱི་ཉེས་དོན་གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་དོ་བདག་ལ་སློག་པའི་བྱེད་སྒོ་སྤེལ་ཞིང་། 2024ལོའི་ལོ་སྟོད་དུ་འདེད་ལེན་བྱས་པའི་དངུལ་དང་། དབྱར་རྩྭ་དགུན་འབུ། ལག་ཐོགས་ཁ་པར། སྒོ་ཕྱུགས། གསེར་དངུལ་རྒྱན་ཆ་སོགས་གནོད་འཚེ་ཕོག་མཁན་ལ་བསློགས་ཏེ་རྡུང་རྡེག་གི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་པ་རེད།

    བརྐུས་པའི་ཅ་དངོས་སླར་ཡང་རང་ཉིད་ཀྱི་ལག་ཏུ་རག་སྐབས་མང་ཚོགས་ཚོ་ཧ་ཅང་དགའ་པོ་བྱུང་སྟེ་ཉེན་རྟོག་པ་ཚོར་ཁ་བཏགས་གཡོགས་པ་མ་ཟད། ཡང་སྒོས“ཁ་བསླུས་འགོག་རྒོལ་གྱི་གདོང་ལེན་པས། བརྐུས་དངོས་འདེ་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ” “མི་དམངས་ཀྱི་ཆེད་དུ་གྱོད་གཞི་བསྒྲུབས། གྱོད་སྒྲུབ་དཔའ་རྩལ་སུ་ཡིས་འགྲན་ཐུབ”ཅེས་བྲིས་པའི་གོས་དར་ཕུལ་བ་རེད། མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་སྤང་མདའ་གྲོང་ཚོའི་གྲོང་མི་བཀྲ་ཆེ་གེ་མོས“ངའི་ཁྱིམ་ནས་རྐུ་ཤོར་བའི་དབྱར་རྩྭ་དགུན་འབུ་དང་། ཊམ་ཀ གསེར་དངུལ་རྒྱན་ཆ་སོགསརག་གི་རེད་སྙམ་མ་བྱུང་། སྤྱི་བདེ་མི་དམངས་ཉེན་རྟོག་པས་ང་ཚོའི་རྒྱུ་ནོར་འདེད་ལེན་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།

    འདི་ལོ་ཚུན་དུ། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”ལག་ལེན་ཏན་ཏིག་བསྟར་བ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་ལས་དོན་ནས་འགོ་འཛུགས་པ། ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བཅས་བྱས་ནས་རྐུ་འཕྲོག་དང་ཁ་བསླུས་ཀྱི་ཉེས་གསོག་ལ་གཅིག་སྡུད་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད། རྐུ་འཕྲོག་དང་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་པ་28སྔ་རྗེས་སུ་བཟུང་བ་དང་། རྐུ་འཕྲོག་དང་ཁ་བསླུས་ཀྱི་གྱོད་གཞི་16རྩད་ཆོད་པ། མང་ཚོགས་ཀྱི་རྒྱུ་ནོར་གྱོང་གུན་སྒོར་ཁྲི་37བདའ་འདེད་ཐུབ་པ་དང་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་རྩད་ཆོད་ནས་གྱོང་གུན་སྒོར་ཁྲི་32.76ཕོག་མེད། དུས་གོང་གི་གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་དང་དངུལ་ལ་དབྱེ་ཞིབ་བྱས་པ་བརྒྱུད། གྱོད་དངུལ་སྒོར་ཁྲི་25.4རི་བའི་རྒྱུ་ནོར་དོ་བདག་ལ་བསློགས་པ་དང་དེ་བྱིངས་རྣམས་དོ་བདག་སུ་ཞིག་ཡིན་མིན་མཐའ་གསལ་བྱུང་རྗེས་རིམ་གྱིས་ཕྱིར་སློག་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།