དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བསམ་གྲུབ་རྩེ་ཆུས་ཁྲིམས་ཁང་གིས་ཡིད་རྟོན་གཱ་ཡི་ཁ་བསླུས་གྱོད་གཞི་ཞིག་ཞིབ་གཅོད་བྱེད་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-16

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་ཡིད་རྟོན་གཱ་ཡི་ཁ་བསླུས་གྱོད་གཞི་ཞིག་ཞིབ་གཅོད་བྱེད་མཇུག་སྒྲིལ་བ་རེད།

    ཟླ9ཚེས23ཉིན་གྱི་ཆུ་ཚོད་19ཙམ་ལ། ཚེ་ཆེ་གེ་མོས་ཞུ་སྦྱོར་ཕྱི་མ་སྒྲོལ་ཆེ་གེ་མོ་དང་མཉམ་དུ་ཀྲུང་གོ་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མ་ལམ་ཉིང་ལག་དངུལ་ཁང་གི་དངུལ་ལེན་འཕྲུལ་ཆས་ནས་དངུལ་ལེན་སྐབས། གསང་བའི་ཨང་གྲངས་ཟུར་དུ་བཀོད་པའི་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་གཱ་ཞིག་རྙེད་པས་ཞུ་སྦྱོར་ཕྱི་མ་སྒྲོལ་ཆེ་གེ་མོའི་རེད་སྙམ་སྟེ་ཁོ་མོར་སྤྲད། ཞུ་སྦྱོར་ཕྱི་མ་སྒྲོལ་ཆེ་གེ་མོས་ཡོངས་ཁུངས་མི་གཙང་བའི་རྒྱུ་ནོར་ལ་ཧམ་བཟུང་དང་སྟེས་དབང་གི་བསམ་བློ་སྐྱེས་ནས། དངུལ་ཁང་གཱ་དེ་རང་གི་ལུས་ནས་ལྷུང་ཁུལ་བྱས་པ་མ་ཟད། ལམ་སེང་ཀྲུང་གོ་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མ་ལམ་ཉིང་ལག་དངུལ་ཁང་གི་ATMདངུལ་ལེན་འཕྲུལ་ཆས་ནས་སྒོར་5000བླངས་པ་དང་། ཆུ་ཚོད་19དང་སྐར་མ་24ཡི་ཐོག་སླར་ཡང་ཀྲུང་གོ་ཞིང་ལས་དངུལ་ཁང་བསམ་གྲུབ་རྩེ་ཆུས་ཀྱི་ཇོ་མོ་གླང་མ་ལམ་ཡན་ལག་ཁྲུའུ་ཡི་ATMདངུལ་ལེན་འཕྲུལ་ཆས་ནས་སྒོར་1000བླངས་རྗེས་དེ་ནས་བྲོས་པ་རེད།

    ཞིབ་གཅོད་བྱས་པ་བརྒྱུད་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས། ཞུ་སྦྱོར་ཕྱི་མ་སྒྲོལ་ཆེ་གེ་མོར་གཞན་གྱི་ཡིད་རྟོན་གཱ་རྙེད་རྗེས་ཁྲིམས་ལས་འགལ་ཏེ་བདག་བཟུང་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས། གཞན་གྱི་ཡིད་རྟོན་གཱ་རང་ཉིད་ཀྱི་ཡིན་ཁུལ་གྱིས་དངུལ་སྨར་བླངས་པ་མ་ཟད། དངུལ་འབོར་ཡང་ཅུང་མང་བས། ཞུ་སྦྱོར་ཕྱི་མའི་བྱེད་སྤྱོད་དེ་ཉེས་ཁྲིམས་ལས་འགལ་ནས་ཡིད་རྟོན་གཱ་ཁ་བསླུས་བརྒྱབ་པའི་ཉེས་གསོག་གྲུབ་ཡོད་པའི་ངོས་འཛིན་བྱས། ཁྲིམས་སའི་འདྲི་གཅོད་བྱ་ཡུལ་དུ་ཞུ་སྦྱོར་ཕྱི་མས་གནོད་འཚེ་ཕོག་མཁན་གྱི་གྱོང་གུན་སྐྱིན་ཚབ་འཇལ་འདོད་ཡོད་པ་དང་། གནོད་འཚེ་ཕོག་མཁན་གྱི་བསམ་ཤེས་ཐོབ་ཅིང་། དངུལ་ཆད་ཀྱང་ཧུར་ཐག་འཇལ་ཁར། འགྱོད་བཤགས་བྱེད་པའི་རྣམ་འགྱུར་ཅུང་ཡག་པོ་ཡོད་པས། མཐར་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་སྒྲོལ་ཆེ་གེ་མོས་ཡིད་རྟོན་གཱ་ཁ་བསླུས་བརྒྱབ་པའི་ཉེས་གསོག་ཐོག་ནས་དུས་བཀག་བཙོན་འཇུག་ཟླ་བ་བརྒྱད་དང་ཁྲིམས་ཆད་འགྱངས་གཅོད་ལོ་གཅིག་བྱ་རྒྱུའི་ཆད་པ་བཅད་པ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་གཉིས་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།