དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • དིང་རི་རྫོང་ཁྲིམས་ཁང་གིས་འཛུགས་སྐྲུན་ལས་གྲྭའི་གན་རྒྱའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-16

    ཉེ་དུས་དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་འཛུགས་སྐྲུན་ལས་གྲྭའི་གན་རྒྱའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་ནས། ལག་བསྟར་རེ་ཞུ་བྱེད་མཁན་ངལ་ནུས་ཀུང་སི་ཞིག་ལ་ལས་གྲྭའི་དངུལ་སྒོར་ཁྲི་30དོན་འཁྱོལ་བྱས་པ་དང་། རང་སྟོབས་འགན་སྒྲུབ་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཡོད།

    གྱོད་གཞི་དེ་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཛུགས་སྐྲུན་ཀུང་སིས་གཞིས་རྩེ་དིང་རི་རྫོང་གི་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་འོས་ཐོབ་དང་སྒྲུབ་འགན་འཁུར་རྗེས་རྣམ་གྲངས་དེ་ངལ་ནུས་ཀུང་སིར་ཁྲིམས་ལས་འགལ་ཏེ་འགན་ལེན་གཞན་སྤྲོད་བྱས་པ་མ་ཟད། བསྡོམས་སྒོར་ཁྲི་2000ལྷག་ཙམ་རི་བའི《ལས་གྲྭའི་ཨར་སྐྲུན་གན་རྒྱ》ཡང་བཞག་ཡོད། ངལ་ནུས་ཀུང་སི་དེས་ཁ་ཆད་ལྟར་རྣམ་གྲངས་འཛུགས་སྐྲུན་གྱི་འོས་འགན་བསྒྲུབས་རྗེས་འཛུགས་སྐྲུན་ཀུང་སིས་ལས་གྲྭའི་དངུལ་ལྷག་མ་སྒོར་ཁྲི་48ནར་འགྱངས་བྱས་ནས་སྤྲད་མེད་པས། ངལ་ནུས་ཀུང་སི་དེ་རྒྱུན་ལྡན་ལྟར་གཉེར་སྐྱོང་བྱེད་པར་འགོག་རྐྱེན་ཆེན་པོ་བཟོས་ཡོད། གྱོད་གཞི་དེ་ཁྲིམས་ཁང་གིས་འདུམ་འགྲིག་བྱས་རྗེས་འཛུགས་སྐྲུན་ཀུང་སིས་གོ་ཆོད་ཀྱི་ཁྲིམས་དོན་ཡིག་རིགས་ཀྱི་འོས་འགན་བསྒྲུབ་རྒྱུར་ཁས་མ་བླངས་པས། ངལ་ནུས་ཀུང་སིས་བཙན་ཤེད་ངང་ལག་བསྟར་བྱ་རྒྱུའི་རེ་ཞུ་བྱེད་དགོས་བྱུང་ཡོད་པ་རེད།

    གྱོད་གཞི་དེ་ལག་བསྟར་བྱེད་རིང་ལག་བསྟར་ཁྲིམས་དཔོན་གྱིས“དོན་འཁྱོལ་གྱི་དབང་ཆ་ནི་ཕན་འབྲས་དང་། གསོག་ཐེབས་ཀྱི་ཐོན་ཁུངས་ནི་མི་མངོན་པའི་སྟོབས་ཤུགས། ཉམས་གསོའི་འབྲེལ་བ་ནི་རེ་བ། བརྟན་ལྷིང་གི་སྔོན་དཔག་ནི་ངལ་ནུས་བཅས”ཀྱི་གཉེར་སྐྱོང་བྱེད་པོའི་རྩོད་གཞི་ཐག་གཅོད་ཀྱི་སྒྲིག་སྲོལ་གཞིར་བཟུང་ཕྱོགས་གཉིས་སྒྲིག་འཛུགས་བྱས་ནས་འདུམ་འགྲིག་བྱས་པ་རེད།

    མཐར་ལག་བསྟར་ཁྲིམས་དཔོན་གྱི་རྒྱུན་བསྲིང་ལྷོད་མེད་ཀྱི་འབད་བརྩོན་འོག འཛུཌ་སྐྲུན་ཀུང་སིས་ལས་གྲྭའི་དངུལ་སྒོར་ཁྲི་30སྤྲད་པ་དང་། ངལ་ནུས་ཀུང་སིས་ཀྱང་ལས་གྲྭའི་དངུལ་ལྷག་མ་རང་འགུལ་ངང་བློས་གཏོང་བྱས་ཐོག ཕྱོགས་གཉིས་པའི་དོ་བདག་གིས་མཉམ་ལས་གཉིས་ཁེའི་རྣམ་པ་གསར་པ་བཏོད་པ་དང་ཆབས་ཅིག ཁེ་ལས་དང་འབྲེལ་བའི་གྱོད་གཞི“ཐེངས་གཅིག་ནང་སྒྲུབ་པ་དང་། ཆེད་ལས་ཐོག་ནས་སྒྲུབ་པ། ནུས་ཆེའི་ངང་སྒྲུབ་པ”བཅས་ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།