དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་གྱོད་གཞི་3བསྟུད་མར་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-16

    འདི་ནི་ཀརྨ་དགོན་གསར་ལམ་གྱི་བོགས་གཏོང་ཁང་པ་ཞིག་ནས་རྩད་ཆོད་པའི་ཁྲིམས་འགལ་གྱི་བསྒྲིལ་ཐ་ཡིན་པ།

    འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་འཚོང་ཅུས་ཀྱིས་ཐ་མག་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་ཀྱིས་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ནས། ཐ་མག་ཚོང་དུད་ཆེན་པོས་ཁྲོམ་ར་ཟང་ཟིང་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ། ཐ་མག་རྫུན་མ་ལ་རྡུང་རྡེག་ཤུགས་ཆེན་བཏང་བ་དང་། ཉེ་ཆར། ཐ་མག་དང་འབྲེལ་བའི་ཁྲིམས་འགལ་གྱོད་གཞི་3བསྟུད་མར་རྩད་ཆོད་པ་རེད།

    ཟླ་6ཚེས་20ཉིན། མང་ཚོགས་ཀྱིས་ཐེར་འདོན་བྱས་པ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཆེད་ཚོང་ཁྲིམས་སྒྱུར་མི་སྣས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་མཉམ་དུ་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ལམ་གྱི་བོགས་གཏོང་ཁང་པ་ཞིག་ལ་འཕྲལ་རྒོལ་ཞིབ་བཤེར་བྱས་པར། ས་གནས་ས་ཐོག་ནས་པེ་ཧྲ་དང་། ཧོང་ཧོ་ལོའུ(དཀྱུས་མ་1916) ཧོང་ཅིན་ཡེ(དྲི་བཟང་ཕྲ་རིང་མ)སོགས་སྤུས་རྟགས་དང་ཚད་གཞི་མི་འདྲ་བ་32ཀྱི་ཁྲིམས་འགལ་བསྒྲིལ་ཐ་430རྩད་ཆོད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་21ལྷག་ཟིན་ཡོད་པ་རེད། ཚོང་ཁང་དེའི་འགན་འཁུར་བར་ཁྲིམས་འགལ་གཉེར་སྐྱོང་གི་དོགས་པ་ཡོད་སྟབས་མིག་སྔར་གྱོད་གཞི་དེ་སྤྱི་བདེ་སྡེ་ཚན་ལ་བརྟག་དཔྱད་ཞིབ་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད་པ་རེད།

    ཟླ་6ཚེས་21ཉིན། མང་ཚོགས་ཀྱི་ཐེར་འདོན་བྱས་པ་ལྟར། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཆེད་ཚོང་ཁྲིམས་སྒྱུར་མི་སྣས་བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། ཁྲེང་ཀོན་ཆུས་མཐུན་སྒྲིལ་གྲོང་གསར་གྱི་ཚོང་ཁང་ཞིག་ལ་གནད་སྨིན་ཞིབ་བཤེར་བྱས་པར། ས་གནས་ས་ཐོག་ནས་ཁྲིམས་ལས་འགལ་ཏེ་ཉོ་སྒྲུབ་བྱས་རྗེས་གོ་སྐབས་དང་བསྟུན་ནས་ཕྱིར་ཚོང་བྱེད་པའི་པའེ་ཧྲ་དང་། ཧོང་ཧོ་ལོའུ། ཙོན་ཧྲི་སོགས་སྤུས་རྟགས་དང་ཚད་གཞི་མི་འདྲ་བ་26གི་ཁྲིམས་འགལ་བསྒྲིལ་ཐ་1152རྩད་ཆོད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་37ལྷག་ཟིན་ཡོད་པ་རེད། ཚོང་ཁང་དེའི་འགན་འཁུར་བས་ས་གནས་དེ་གའི་རྡོ་ཐ་ཆེད་ཚོང་སྡེབ་ཚོང་ཁེ་ལས་ནས་ཉོས་པའི་ཁྲིམས་མཐུན་གྱི་དཔང་ཡིག་ནུས་ལྡན་མཁོ་འདོན་བྱེད་ཐབས་བྲལ་ཕྱིར། ཁྲིམས་འཛིན་མི་སྣས་གྱོད་གཞི་དང་འབྲེལ་བའི་བསྒྲིལ་ཐ་དག་ཁྲིམས་ལྟར་སྔོན་ལ་ཉར་ཚགས་ཐོ་འགོད་བྱས་པ་དང་། མིག་སྔར་གྱོད་གཞི་དེར་སྔར་བས་བརྟག་དཔྱད་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།

    ཟླ་6ཚེས་25ཉིན། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཆེད་ཚོང་ཁྲིམས་སྒྱུར་མི་སྣས་ཁྲོམ་རར་འཆར་ཅན་ཞིབ་བཤེར་བྱེད་སྐབས་སྣེའུ་ཁུལ་གསར་གྱི་ཚོང་ཁང་ག་གེ་མོའི་ཁྲིམས་འགལ་ཚོང་གཉེར་བྱེད་སྤྱོད་ཤེས་རྟོགས་བྱུང་བ་སྟེ། ཚོང་ཁང་ནང་ནས་ཀྲུང་ཧྭ(དཀྱུས་མ)དང་། ཀྲུང་ཧྭ(ཕྲ་རིང་མ) ཙོན་ཧྲི་སོགས་སྤུས་རྟགས་དང་ཚད་གཞི་མི་འདྲ་བ་14ཡི་ཁྲིམས་འགལ་བསྒྲིལ་ཐ་298རྩད་ཆོད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་16ལྷག་ཙམ་ཟིན་ཡོད་པ་རེད། ཚོང་ཁང་དེའི་འགན་འཁུར་བས་ས་གནས་དེ་གའི་རྡོ་ཐ་ཆེད་ཚོང་སྡེབ་ཚོང་ཁེ་ལས་ནས་ཉོས་པའི་ཁྲིམས་མཐུན་གྱི་དཔང་ཡིག་ནུས་ལྡན་མཁོ་འདོན་བྱེད་ཐབས་བྲལ་ཕྱིར་ཁྲིམས་སྒྱུར་མི་སྣས་གྱོད་གཞི་དང་འབྲེལ་བའི་བསྒྲིལ་ཐ་དག་ཁྲིམས་ལྟར་སྔོན་ལ་ཉར་ཚགས་ཐོ་འགོད་བྱས་པ་དང་། མིག་སྔར་གྱོད་གཞི་དེར་སྔར་བས་བརྟག་དཔྱད་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།