དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲེན་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་གིས་ཚད་གཞི་གསུམ་ནན་པོར་བཟུང་ནས་བཟའ་བཅའི་བདེ་འཇགས་ཀྱི“འགོག་སྲུང་དྲ་བ”དམ་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-16

    ཟས་ནི་མི་ཡི་འཚོ་རྟེན་ཡིན། དེ་ཡི་བདེ་འཇགས་གཙོ་བོ་ཡིན། བཟའ་བཅའི་བདེ་འཇགས་ནི་མི་ཚང་མའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཀྱི་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་གིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས“ལྷུ་ཚིགས་འབྲེལ་མཐུད”དང་། “ས་ཚིགས་ག་སྦྱར” “ངོ་ཐུག་གདོང་འཕྲད”བཅས་ཚད་གཞི་གསུམ་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”བསྲུངས་པ་རེད།

    “ལྷུ་ཚིགས་འབྲེལ་མཐུད”ལ་ཕྱོགས་མང་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ།

    ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་སྤྱི་ཡོངས་ལ་སྤྱི་འདོམས་བྱས་ཤིང་། ཉང་བྲན་ཁྲོམ་གཞུང་གིས་བཟའ་བཅའི་བདེ་འཇགས་ལས་དོན་དེ་ཏང་སྲིད་ཀྱི“འགན་གཙོ་བོ་འཁུར་མཁན”གྱི་དོན་ཚན་གལ་ཆེན་ཞིག་ཏུ་བརྩིས་ནས་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ལས་འགན་ཚང་མ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད།

    མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཞིང་། ཁྲོམ་གཞུང་དུ་བཟའ་བཅའི་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་ནས་འགན་འཁྲིའི་གསལ་ཐོ་དང་། ལས་འགན་གྱི་གསལ་ཐོ། ཁས་ལེན་ཡི་གེ་བཅས“གསལ་ཐོ་གཉིས་དང་ཡི་གེ་གཅིག”གི་ལམ་ལུགས་བཟོས་ཏེ་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་བྱེད་པོའི་གནས་ཚུལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བརྟག་དཔྱད་དང་རིམ་པ་དབྱེ་ནས་གསལ་ཐོ་བཟོས་པས། གོང་ནས་འོག་བར་དང་། རིམ་པ་བཞིན་དམ་འཛིན། ཚང་མ་ཞུགས་པ་བཅས་ཀྱི་ལྟ་འདོམས་མ་ལག་ཅིག་ཆགས་ཡོད།

    རིམ་པ་དབྱེ་ནས་འགན་གཙང་བླངས་ཏེ་དབང་ཆ་དང་འགན་འཁྲི་ཁ་གསལ་བཟོས་ཤིང་། ཁྲོམ་གཞུང་གི་ལས་བྱེད་པ་དང་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པས་བྱ་སྤྱོད་གཅིག་རྗེས་གཉིས་མཐུད་དུ་སྤེལ་ནས་ཁོང་ཚོས“བྱེད་པོར་འདྲི་རྟོག་དང་། ས་གནས་ས་ཐོག་ལ་ལྟ་བ། ལག་ཁྱེར་དང་སྤ་སེ་ཞིབ་བཤེར་བཅས”ཀྱི་བྱེད་སྟངས་སྤྱད་ནས་འཐབ་ས་དང་པོར་བསྐྱོད་དེ་བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོའི་ལྷུ་ཚིགས་ཁག་ལ་ལྟ་སྐུལ་མཛུབ་ཁྲིད་ཞིབ་ཚགས་བྱས་ནས་བཟའ་བཅའི་བདེ་འཇགས་ལ་ཁུག་གསེང་སྟོང་གསུམ་མ་ལུས་པར་བྱས་པ་རེད།

    “ས་ཚིགས་ག་སྦྱར”ལ་མཉམ་ལས་ལྟ་འདོམས་བྱས་ནས་ཁྲིམས་སྒྱུར་གྱི་ཕན་ནུས་ཆེ་རུ་བཏང་བ།

    ཁྲོམ་གཞུང་བཟའ་བཅའི་བདེ་འཇགས་གཞུང་ལས་ཁང་དང་ཁྲོམ་ར་ལྟ་འདོམས་སུའོ་སོགས་སྡེ་ཚན་གྱིས་མཉམ་ལས་དམ་ཟབ་བྱས་ཏེ་བཟའ་བཅའ་གཉེར་སྐྱོང་དུད་ཚང་ལ“ས་ཚིགས་ག་སྦྱར”གྱི་ལག་ཁྱེར་གཉེར་བའི་ཞབས་འདེགས་ཞུས་ནས་ཁོང་ཚོར་ལག་ཁྱེར་སྣ་ཚོགས་བདེ་བླག་ངང་གཉེར་རོགས་བྱས་ཏེ་གཉེར་སྐྱོང་སྒྲིག་སྲོལ་དང་མཐུན་ཚད་ཆེ་རུ་བཏང་བ་རེད།

    ཁྲོམ་གཞུང་གིས་སྡེ་ཚན་མང་པོ་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་ཐོག་ཁྲོམ་རའི་ཁོར་ཡུག་བཅོས་སྒྲིག་དང་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་སོགས་ཀྱི་བྱ་སྤྱོད་སྤེལ་ཏེ་བཟའ་བཅའ་དང་སྨན་རྫས་དང་། སྨན་བཅོས་ཡོ་བྱད། ས་སྣུམ་དང་སོལ་རླངས། དམིགས་བསལ་སྒྲིག་ཆས་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་འདུ་གནས་ལ་གྲལ་བཤེར་གཏིང་ཟབ་བྱས་ནས་བཟའ་བཅའི་བདེ་འཇགས་ལ་མངོན་མེད་རྐྱེན་ངན་མེད་པའི་འགན་ལེན་བྱས་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་དང་གཞི་རིམ་བཅོས་སྐྱོང་ལེགས་གཏོང་གི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དམིགས་ཁྲིམས་སྒྱུར་བྱས་ནས་རྫུན་ལྷད་ཞན་གསུམ་དང་དུས་ཚད་ཡོལ་བའི་བཟའ་བཅའ་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་དང་། སྒྲིག་འགལ་ངང་ལས་སྣོན་དང་། ལག་ཁྱེར་མེད་པར་གཉེར་སྐྱོང་། ཁྲིམས་འགལ་གྱིས་ཐོན་སྐྱེད་དུས་ཚོད་བཅོས་པ་སོགས་ཀྱི་དོགས་གཞི་ཡོད་པའི་གྱོད་གཞི་ཁག་གཅིག་གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

    ཞུ་གཏུག་ཐེར་འདོན་གྱི་ཐད་སྦྲེལ་ཁ་པར“12315”དང“12345”ཤར་གཏོང་བྱེད་པ་དང་ཚན་ཁག་ཡོངས་ཀྱི་སྤྱི་ཚོགས་ལས་བཟོ་བ་དང་། དྲ་མིག་པ། གཉིས་ལྡན་དུད་སྦྲེལ་བཅས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ“ས་ཚིགས་ག་སྦྱར”ཐབས་ལ་བརྟེན་ནས་ཐག་གཅོད་མྱུར་པོ་བྱས་པ་དང་དོ་ཁུར་ལ་དུས་ཐོག་ཏུ་ལན་བརྒྱབ་པས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཐོབ་པ་རེད།

    “ངོ་ཐུག་གདོང་འཕྲད”ཀྱིས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱས་ཏེ་ཐུན་མོང་བཅོས་སྐྱོང་གི་རྣམ་པ་བཏོད་པ།

    ཁྲོམ་གཞུང་གི་འགན་གཙང་ལེན་ལས་བྱེད་པ་ཚོས“ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་ངོ་ཐུག་དྲིལ་བསྒྲགས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པ་དང་ཆབས་ཅིག བཟའ་བཅའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་ཁྱབ་གདལ་གྱི་ལས་དོན་ཧུར་ཐག་སྤེལ་ནས་འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་མི་སེམས་སུ་ཟུག་པར་བྱས་ཡོད། ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ཤེས་རྟོགས་བྱུང་བའི་དཔེ་མཚོན་གྱི་གནད་དོན་གྱོད་དཔེར་དྲངས་ནས་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་བར་ཉེན་བརྡའི་སློབ་གསོ་བཏང་བ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ཀྱི་དོན་ཚན་དང་གནོད་འཚེའི་མཇུག་འབྲས་འགྲེལ་བཤད་བརྒྱབ་སྟེ་ཁོང་ཚོའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ཡོད།

    དེ་དང་ཆབས་ཅིག་ཁྲོམ་གཞུང་དུ་དྲིལ་བསྒྲགས་ས་ཚིགས་འཛུགས་པ་དང་། LEDནས་དྲིལ་བསྒྲགས་བྱེད་པ། དྲིལ་བསྒྲགས་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་བརྡ་ཆ་སྦྱར་བ་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་བཟའ་བཅའི་བདེ་འཇགས་ཤེས་བྱ་མི་སེམས་སུ་ཟུག་པར་བྱས་པས། མི་ཚང་མས་སེམས་ཁུར་དང་། མི་ཚང་མ་ཞུགས་པ། མི་ཚང་མས་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།