ཆུ་ཤུར་རྫོང་གླིང་སྟོད་གྲོང་གསར་དུ།
བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་བྱས་པ།
འདི་ནི་ལས་དོན་མི་སྣས་བཟའ་བཅར་ཞིབ་བཤེར་ནན་ཏན་བྱེད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གླིང་སྟོད་གྲོང་གསར་གྱི་གྲོང་ཚོ་ཨུ་ལྷན་དང་དེ་བཞིན་དེའི་གྲོང་སྡོད་ལས་དོན་རུ་ཁག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་གཏིང་ཟབ་དང་ཕྱོགས་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་གྱི་བྱེད་སྒོ་ཞིག་མཉམ་འབྲེལ་ཐོག་སྤེལ་ནས། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་ལས་དོན་མི་སྣས་གཟབ་ནན་གྱི་རྣམ་འགྱུར་མཐའ་འཁྱོངས་ཀྱིས“མེད་པ་གསུམ་གྱི་ཐོན་རྫས”ཡོད་མེད་དང་། བཟའ་བཅའི་དུས་ཚོད་ཡོལ་མིན། བཟའ་བཅའི་གསོག་ཉར་ཆ་རྐྱེན་གྱི་ཚད་གཞི་ལོན་མིན་སོགས་ཀྱི་ཐད་ཞིབ་བཤེར་ཞིབ་ཕྲ་བྱས་ཤིང་། ཟོག་སྒྲོམ་དང་བཟའ་བཅའ་ཚང་མར་ལས་དོན་མི་སྣས་ཞིབ་བཤེར་ཞིབ་ཚགས་བྱས་པ་དང་ཆབས་ཅིག ལས་དོན་མི་སྣས་ད་དུང་རང་འགུལ་ངང་ཚོང་པར་ནང་དོན་ཟབ་ལ་སྤྱོད་གོ་ཆོད་པའི་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། ཁོང་ཚོར་བཟའ་བཅའ་འཚོང་སྐབས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བ་དང་། འཛད་སྤྱོད་པའི་བཟའ་བཏུང་བདེ་འཇགས་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
ད་ཐེངས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་གྱི་བྱེད་སྒོ་བརྒྱུད། གྲོང་ཚོའི་སྒེར་གཉེར་ཚོང་དུད་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་མ་ཟད། བཟའ་བཅའི་བདེ་འཇགས་ལས་དོན་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཕུགས་ཕན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ནས། མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཐད་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཏེ་གླིང་སྟོད་གྲོང་གསར་ལ་བདེ་འཇགས་དང་བློ་བདེ་བའི་བཟའ་བཅའི་འཛད་སྤྱོད་ཁོར་ཡུག་ཅིག་བསྐྲུན་ཡོད།