དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་ཁང་གསར་ལྷོ་སྡེ་ཁུལ་གྱིས་མང་ཚོགས་ཀྱི་སྒོ་རྩར་དམངས་ཕན་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-16

    འདི་ནི་ཁང་གསར་ལྷོ་སྡེ་ཁུལ་གྱི་ལས་དོན་པས་དམངས་ལ་བྱ་བ་སྒྲུབ་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་ཁང་གསར་ལྷོ་སྡེ་ཁུལ་གྱིས“སྐོར་སྐྱོད་གཞུང་ལས་སྒྲོག་ཙེའི”ཞབས་ཞུའི་ལས་དོན་ལམ་སྲོལ་ལག་བསྟར་བྱས་ཏེ“སྐོར་སྐྱོད་གཞུང་ལས་སྒྲོག་ཙེ”ཡིད་སྤྲོ་གླིང་ཁུལ་ཆུང་དུ་སྤོས་ནས། མང་ཚོགས་ཀྱི་སྒོ་རྩར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་བ་རེད།

    ཁང་གསར་ལྷོ་སྡེ་ཁུལ་ནི་2023ལོའི་ལོ་མཇུག་ཏུ་གསར་དུ་བཙུགས་པའི་སྡེ་ཁུལ་ཞིག་རེད། ཁང་གསར་ལྷོ་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་གནས་ཚུལ་དངོས་ལ་དམིགས་ཏེ། སྲོལ་རྒྱུན་གྱི་གཞུང་ལས་སྒྲུབ་སྟངས་མེད་པ་བཟོས་ནས་མང་ཚོགས་ཀྱི་འཚོ་བའི་གོམ་བགྲོད་དང་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱས་ཏེ། མང་ཚོགས་ཀྱི་སྒོ་རྩར་བྱ་བ་དངོས་བསྒྲུབས་པས་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།