དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • 2024ལོའི་བོད་ཀྱི་གཞོན་ནུ་ལོ་ཆུང་གི་དུག་འགོག་ལག་ལེན་སྒར་སའི་བྱེད་སྒོ་ལྷ་སར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-09

    འདི་ནི་བྱེད་སྒོར་ཞུགས་མཁན་གཞོན་ནུ་ལོ་ཆུང་གྱིས་གྲོང་མིར་དུག་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོ་རྟེན་གཞིས་གཉེར་འགན་འཁུར་བའི་2024ལོའི་བོད་ཀྱི་གཞོན་ནུ་ལོ་ཆུང་གི་དུག་འགོག་ལག་ལེན་སྒར་སའི་བྱེད་སྒོ་ལྷ་སར་གཉེར་བ་རེད།

    འགོ་ཚུགས་མཛད་སྒོར་འབྲེལ་ཡོད་འགན་འཁུར་བས་བྱེད་སྒོར་ཞུགས་མཁན་ཚོར་བྱེད་སྒོའི་དམིགས་ཡུལ་དང་དོན་སྙིང་ངོ་སྤྲོད་ཞིབ་ཕྲ་བྱས་རྗེས་བྱེད་སྒོར་ཞུགས་མཁན་ཡོངས་ཀྱིས་དུག་འགོག་འགྲེམས་ཁང་ལ་ལྟ་སྐོར་དང་། དུག་འགོག་དངོས་མཚོན་གློག་བརྙན་ལྟ་བ། དུག་འགོག་ཤེས་བྱའི་འཆད་ཁྲིད་ཉན་པ་སོགས་བརྒྱུད་དུག་རྫས་ཀྱི་ངོ་བོ་དང་། རིགས། གནོད་འཚེ། དེ་བཞིན་དུག་རྫས་གསར་པར་དོགས་ཟོན་བྱེད་པའི་འབྲེལ་ཡོད་ཤེས་བྱ་བཅས་ཤེས་རྟོགས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭའི་སློབ་མ་སྒྲོལ་མས“ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་བརྒྱུད། ངས་དུག་འགོག་སྐོར་གྱི་ཤེས་བྱ་མང་པོ་ཤེས་བྱུང་། ངས་བྱེད་སྒོའི་མཐོང་ཐོས་ཚང་མ་སློབ་གྲོགས་དང་ནང་མིར་བཤད་དེ་ཚང་མས་ཚེ་སྲོག་ལ་གཅེས་སྤྲས་ཀྱིས་དུག་རྫས་དང་བར་ཐག་རིང་དུ་གཏོང་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡིན”ཞེས་བཤད།

    བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིའི་ཀྲུའུ་རེན་དངོས་གྲུབ་ཀྱིས་གསར་འགོད་པར། གཞོན་ནུ་ལོ་ཆུང་གི་དུག་འགོག་འདུ་ཤེས་ཟབ་ཏུ་དང་དུག་འགོག་ནུས་པ་ཆེ་རུ་གཏོང་རྒྱུ་ནི་དུག་འགོག་ལས་དོན་གྱི་རྩ་བཅོས་ཐབས་ཇུས་ཤིག་རེད། བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིས་ལོ་ལྟར་གྱི་དུག་འགོག་ཉིན་མོའི་སྔ་རྗེས་སུ་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས་དུག་འགོག་དྲིལ་བསྒྲགས་ཀྱི་འབྲེལ་ཡོད་སྤྱི་ཕན་བྱེད་སྒོ་སྒྲིག་འཛུགས་ཀྱིས་གཞོན་ནུ་ལོ་ཆུང་གི་དུག་འགོག་འདུ་ཤེས་ཟབ་ཏུ་བཏང་ནས་གཞོན་ནུ་ལོ་ཆུང་ཚོ་དུག་རྒོལ་དང་དུག་འགོག་གི་གཙོ་ཤུགས་དམག་ཏུ་འགྱུར་གང་ཐུབ་བྱེད་ཀྱི་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།